ཀྲུང་གོ་བོད་ཀྱི་དྲ་བ།

ངོ་མདངས་ཇེ་ལེགས་སུ་ཡོང་བའི་ཐབས་མཆོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བུད་མེད་མང་ཆེ་ཤོས་ཤིག་ན་ཚོད་ངེས་ཅན་ཞིག་ལ་ཐོན་རྗེས། ལུས་ཡོངས་ན་ཟུག་གིས་ཁེངས་ཤིང་ངོ་མདངས་མི་ལེགས་པའི་སྣང་ཚུལ་འབྱུང་བ་རེད།ངོ་མདངས་ཇེ་ལེགས་སུ་གཏོང་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན་པར།གཤམ་གྱི་སྤྱོད་ཚུལ་འདི་དག་རྒྱུན་འཁྱོངས་བྱས་པས་ཆོག

རྐང་པ་དྲོན་མོ་བྱེད་པ། བུད་མེད་མང་པོ་ཞིག་ལ།དབྱར་དགུན་སྟོན་དཔྱིད་གང་ཞིག་ཡིན་རུང་རྐང་པ་གཉིས་ཀ་ནམ་ཡང་འཁྱགས་སིབ་སིབ་ཏུ་འདུག་པའི་སྣང་བ་འབྱུང་།གནས་ཚུལ་དེའི་རིགས་ལ་དགོང་མོ་ཉལ་ཁར་དྲོད་ཚད40℃ཡས་མས་ཀྱི་ཆུ་དྲོན་མོའི་ནང་དུ་དུས་ཚོད་ཕྱེད་ཀའི་རིང་རྐང་པ་སྦང་དགོས།དྲོད་ཚད་དེས་ལུས་སྨད་ཀྱི་ཁྲག་རྩ་རྒྱས་པར་བྱས་ཏེ།ལུས་པོ་ཡོངས་དྲོད་ལམ་ལམ་དུ་གཏོང་ཐུབ།རྐང་པ་སྦང་བའི་སྐབས་སུ་ཆུའི་ནང་དུ་ད་རུང་སྒ་རློན་དང་སྤྲ་བ་སོགས་བཞག་ན་ཕན་ནུས་དེ་བས་ཀྱང་བཟང་བ་རེད།རྐང་པ་འཁྱགས་སིབ་སིབ་ཏུ་འདུག་པ་དེ་ནི་ལུས་ཟུངས་ཟད་པའི་རྟགས་ཡིན་པས།སྒ་རློན་གྱིས་བསྟུད་མར་གཟའ་འཁོར་གཅིག་ནས་གཉིས་ལ་སྦང་ན།རྐང་ལག་འཁྱགས་པ་ཞི་ལྷོད་དུ་འགྲོ་བར་མ་ཟད་ཡང་བསྐྱར་མི་འཕར་བ་རེད།

ཚིལ་ཞག་དྲོན་མོ་ཡོང་བར་བྱེད་པ། ལུས་སྦྱོང་བྱེད་རྒྱུར་མི་དགའ་བ་དང་ཙོག་ཡུན་རིང་ན། ཁྲག་གི་འཁོར་རྒྱུག་མི་ལེགས་པ་དང་ཚིལ་ཞག་གསོག་འཇོག་བྱ་ངེས་པས།རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་དལ་དུ་འགྲོ་བར་མ་ཟད།ད་རུང་ལུས་ལ་ཚོ་འབུད་སླ་བ་རེད།

དུས་རྒྱུན་དུ་ལུས་སྦྱོང་འོས་འཚམ་བྱས་ཏེ་རང་ཉིད་ཀྱི་ལུས་པོར་དྲོད་སྐྱེད་དུ་འཇུག་དགོས་པ་དང་ཚིལ་ཞག་དྲོན་མོ་ཡོང་བར་བྱེད་དགོས། དེ་ལྟར་བྱས་ན་གཅིག་ནས་ཚིལ་ཞག་ཇེ་ཉུང་དུ་འགྲོ་བར་ཕན་པ་དང་།གཉིས་ནས་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་དང་རྙིང་ཚབ་གསར་བརྗེ་ཇེ་མགྱོགས་སུ་འགྲོ་བར་མ་ཟད།སྙིང་དང་གློ་བའི་བྱེད་ནུས་ཇེ་མཐོར་གཏོང་ཐུབ། ཟླ་མཚན་འབབ་པའི་སྐབས་སུའང་འོས་འཚམ་གྱི་ལུས་སྦྱོང་བྱས་ན།ཁྲག་རྒྱུན་འཁོར་རྒྱུག་རྒྱུན་ལྡན་ཡོང་བར་ཕན་ནོ། །

ཆུ་ཚ་མོ་བཀོལ་སྤྱོད་བྱེད་པ། བུད་མེད་རྣམས་ཀྱིས་གྱོན་ཆས་དང་གསོལ་ཆས་བཀྲུ་བའི་སྐབས་སུ། ཆུ་དྲོད་འཇམ་གྱིས་བཀྲུས་ན་བཟང་།ཁྲུས་བྱེད་སྐབས་ཀྱང་གནམ་གཤིས་དྲོད་གྲང་གང་ཡིན་རུང་ཆུ་འཁྱགས་ཀྱིས་ཁྲུས་བྱེད་མི་རུང་།བུད་མེད་ལ་མཚོན་ན་ཆུ་འཁྱགས་ནི་འཛེམ་བྱ་ཡིན།བུད་མེད་རྣམས་ཀྱིས་དུས་རྒྱུན་དུ་ཁུར་མོང་དང་མེ་ཏོག་རྒྱ་སེའི་ཇ་སོགས་སྐོམ་ཆུ་ཚ་མོའི་རིགས་འཐུང་ན།གཉན་ཚད་སྔོན་འགོག་བྱེད་ཐུབ།ཁུར་མོང་ལ་གཉན་ཚད་འཇོམས་པ་དང་གཉན་ཚད་འགོག་པའི་ནུས་པ་ལྡན་པས།རང་བྱུང་གི“གཉན་འཇོམས་སྨན་རྫས”ཀྱི་མཚན་སྙན་ཐོབ་ཡོད་ལ།རྒྱུན་མཐོང་གི་དབུགས་ལམ་གཉན་ཚད་དང་ནུ་མའི་གཉན་ཚད།མཚང་ཁོག་གཉན་ཚད།གཅིན་ལམ་རེད་པ་སོགས་འགོག་པར་ནུས་པ་མི་དམན་པ་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།