ཀྲུང་གོ་བོད་ཀྱི་དྲ་བ།

སྐད་འཕྲིན་ནང་གི“ཁུག་དམར”འདི་དག་ལ་གཟབ་རོགས།

ཡོང་ཁུངས། : གངས་ལྗོངས་འཕྲིན་གསར།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིག་སྔར། སྐད་འཕྲིན་ཚོགས་པའི་ནང་དུ་མིང་ལ(京东集团)“ཅིན་ཏུང་སྡེ་ཚོགས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་དངོས་ཟོག་ཉོ་བའི་ཕོགས་སྣོན་སྤྲོད་པའི”སྦྲེལ་མཐུད་ཅིག་བྱུང་ཡོད་པ་དང་། སྦྲེལ་མཐུད་དེའི་ནང“བྱེད་སྒོ་དེ་སྐད་འཕྲིན་གཞུང་ཕྱོགས་ཀྱིས་ཁས་ལེན་ཐོབ་ཡོད་ལ་དངོས་ཟོག་ཉོ་སྒྲུབ་ཀྱི་ཕོགས་སྣོན་དངུལ་སྨར་ལེན་ཆོག”ཅེས་པའི་བརྡ་ཁྱབ་བཏང་ཡོད་པ་རེད། དེའི་ཐད་གསར་འགོད་པ་དང(京东) ཅིན་ཏུང་།(腾讯)ཐིན་ཞུན་བཅས་ཀྱིས་ཞིབ་དཔྱད་བྱས་ཏེ་སྦྲེལ་མཐུད་དེ་ནི་ནང་དོན་རྫུན་མ་བརྒྱུད་བསྒྲགས་བྱས་པ་ར་སྤྲོད་བྱས་ཡོད།

50.jpg

སྐད་འཕྲིན་སྟེང་གི་ཁུག་དམར་རྫུན་མ།

སྐད་འཕྲིན་ལས་སྟེགས་ཀྱིས་བསྟན་དོན། མགོ་སྐོར་གཏོང་མཁན་གྱི་དོགས་ཡོད་ཉེས་ཅན་མི་སྣས་ཁུག་དམར་རྫུན་མའི་སྦྲེལ་མཐུད་དེ་མདུན་ཤོག་ཏུ་བྱས་ནས་མི་རྣམས་གཡོ་འོག་ཏུ་ཚུད་སླ་བའི་བྱ་ཐབས་རྣམ་པ་སྣ་ཚོགས་སྤྱད་ཡོད་པ་རེད། དཔེར་ན། མངོན་སུམ་གྱི་སྐད་བརྡའི་ཆ་འཕྲིན་ཞིག་དང་། ཚོགས་པའི་ནང་དུ་བཅུག་ཚེ། “ངས་ཁུག་དམར་བླངས་ཟིན”ཞེས་པ་སོགས་ལྟ་བུ། གཞན་ཡང་། ཚད་ལྡན་གྱི་མིང་སྣ་ཚོགས་ལ་བརྟེན་ནས་སྤྱོད་མཁན་གྱི་ཡིད་དབང་འགུག་པ་དང་འབྲེལ་པར་ངོས་ཀྱི་ནང་དོན་རྫུན་བཟོ་བྱས་ནས་སྤྱོད་མཁན་ལ་མགོ་སྐོར་བཏང་སྟེ་སླར་ཡང་བརྒྱུད་སྤེལ་བྱེད་དགོས་པར་བཤད། “ཁུག་དམར་རྫུན་མ”དེ་སྐད་འཕྲིན་གྱི་གྲོགས་པོའི་འབྲེལ་བ་སྤྱད་དེ་ཁྱབ་སྤེལ་བྱེད་པས། སྤྱོད་མཁན་གྱིས་སྦྲེལ་མཐུད་དེ་ཉིད་རང་གི་གྲོགས་པོས་བརྒྱུད་སྤེལ་བྱས་པར་ཡིད་ཆེས་ཏེ་དོགས་ཟོན་གྱི་འདུ་ཤེས་དམའ་རུ་སོང་ནས“ཁུག་དམར་རྫུན་མ”སྦྲེལ་མཐུད་བྱས་པས་གཡོ་འོག་ཏུ་ཚུད་པ་རེད།

51.jpg

སྐད་འཕྲིན་སྟེང་གི་ཁུག་དམར་རྫུན་མའི་པར་ངོས།

སྐད་འཕྲིན་གྱིས་སྤྱོད་མཁན་ལ་དོགས་ཟོན་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་དོན། སྐད་འཕྲིན་གྱི་ཁུག་དམར་ལེན་སྐབས་གལ་ཏེ་མི་སྒེར་གྱི་ཆ་འཕྲིན་ནང་འཇུག་བྱེད་དགོས་པ་ཚང་མ་ཁུག་དམར་རྫུན་མ་ཡིན་པ་དང་། ལྷག་པར་དུ་འཛད་སྤྱོད་པས་གྲོགས་པོར་སྐུར་ནས་མཉམ་སྤྱོད་བྱེད་དུ་འཇུག་པའམ་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས་སུ་སྐུར་ནས་མཉམ་སྤྱོད་བྱེད་པའི་རེ་བ་བཏོན་པ་ཚང་མ་ཁུག་དམར་རྫུན་མ་ཡིན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།