ཀྲུང་གོ་བོད་ཀྱི་དྲ་བ།

ཟ་མ་ཟོས་རྗེས་འཆམ་འཆམ་དུ་སོང་ན་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་ཟེར་བ་བདེན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟས་འཇུ་བའི་ལུས་ཁམས་བྱེད་ནུས་ཐད་ནས་བཤད་ན། ཟ་མ་ཟོས་རྗེས་ཕོ་བ་འགྲངས་ཐག་ཆོད་ཡོད་པས། སྐབས་དེར་ངེས་པར་དུ་ཕོ་བ་དང་རྒྱུ་མར་ཁྲག་འདང་ངེས་ཤིག་མཁོ་འདོན་བྱས་ནས་ཟས་འཇུ་བར་བྱེད་དགོས། དེར་བརྟེན། ཟ་མ་ཟོས་རྗེས་ངལ་གསོ་འོས་འཚམ་ཞིག་བྱས་ན་ཕོ་བ་དང་རྒྱུ་མར་ཁྲག་འདོན་ཚད་ཇེ་མང་དུ་འགྲོ་བར་ཁག་ཐེག་བྱེད་ཐུབ། ད་དུང་མི་ལ་ལས་ཟ་མ་རྒྱགས་ཚད་ཅིག་ཟོས་ན་ད་གཟོད་ཕོ་བ་འགྲང་སོང་སྙམ་གྱིན་ཡོད་མོད། འོན་ཀྱང་ལུས་ཁམས་སུ་འཚོ་བཅུད་བསྡུ་ལེན་མ་བྱུང་ན། ཕོ་བ་ནི་སྔར་བཞིན་བཀྲེས་ལྟོགས་ཀྱི་རྣམ་པ་རུ་ལུས་ཡོད། དེའི་སྐབས་སུ་བྲེལ་འཚུབ་ངང་ཡར་ལངས་ནས་སོང་ན། ཁྲག་གི་ཆ་ཤས་ཤིག་འགུལ་སྐྱོད་མ་ལག་ནང་ཞུགས་ཏེ་འཁོར་རྒྱུག་བྱེད་པས། དེས་འཇུ་ཁུ་ཟགས་ཐོན་ཇེ་དལ་དུ་འགྲོ་བ་དང་། ཕོ་བས་རྒྱུན་ལྡན་ངང་ཟས་འཇུ་བར་གཏོར་བརླག་ཐེབས་ཏེ་ཟས་འཇུ་དཀའ་བར་བྱེད་པ་རེད། དེའི་ཕྱིར། ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཅིག་གི་རྗེས་སུ་ད་གཟོད་འཆམ་འཆམ་དུ་སོང་ན་ལེགས།

དུས་རྒྱུན་དུ་འགུལ་སྐྱོད་ཉུང་ཞིང་བྱ་བར་བྲེལ་བ་ཆེ་བའི་མི་ལ་མཚོན་ན། ལུས་པོ་ཅུང་རྒྱགས་པའི་མིས་ཟ་མ་ཟོས་རྗེས་དུས་ཚོད་སྐར་མ20ཡི་རྗེས་སུ་འགུལ་སྐྱོད་བྱས་ན། ཕོ་བ་དང་རྒྱུ་མ། ཕོ་རྒྱུའི་འཇུ་སྟོབས་དང་ཟགས་ཐོན་སོགས་ལ་རོགས་འདེགས་བྱས་ནས་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།