ཀྲུང་གོ་བོད་ཀྱི་དྲ་བ།

འགུལ་སྐྱོད་བྱེད་སྐབས་སྲུང་ཆས་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་ཟེར་བ་འགྲིག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགུལ་སྐྱོད་བྱེད་སྐབས་སྲུང་ཆས་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་ཟེར་བ་ནི་ནོར་འཁྲུལ་ཞིག་རེད། འགུལ་སྐྱོད་སྲུང་ཆས་ནི་ལུས་པོའི་ཡན་ལག་གཙོ་བོར་སྲུང་སྐྱོབ་བྱེད་པའི་སྒྲིག་ཆས་གལ་ཆེན་ཞིག་ཡིན། འགུལ་སྐྱོད་བྱེད་སྐབས་ལག་པའི་མཁྲིག་མ་དང་། རྐང་པའི་ལོང་ཚིགས། པུས་མོ་སོགས་ལ་རྨས་ཕོག་སླ་བས། འགུལ་སྐྱོད་སྔོན་གྱི་ལུས་སྦྱོང་བྱས་ཚར་རྗེས་འོས་ཤིང་འཚམ་པའི་སྲུང་ཆས་གྱོན་ན་རྨས་སྐྱོན་ཕོག་པར་སྔོན་འགོག་ནུས་ལྡན་བྱེད་ཐུབ།

འགུལ་སྐྱོད་བྱེད་སྟངས་མི་འདྲ་བར་དམིགས་ནས་འགུལ་སྐྱོད་སྲུང་ཆས་ཀྱང་མི་འདྲ་བ་གདམ་དགོས། འགུལ་སྐྱོད་རིགས་ལ་གཏོགས་པ་ཞིག་ཡིན་ན་སྲུང་ཆས་གྱོན་དགོས་པའི་ངེས་པ་མེད། དཔེར་ན། ལྒང་ལི་རྩེ་བའི་སྐབས་སུ་མཁྲིག་མ་སྲུང་ཆས་དང་། པུས་མོ་སྲུང་ཆས། ལོང་ཚིགས་སྲུང་ཆས་སོགས་གྱོན་ན་རན་པོ་ཡིན། རྐང་རྩེད་སྤོ་ལོ་རྩེ་སྐབས་པུས་མོ་སྲུང་ཆས་དང་ལོང་ཚིགས་སྲུང་ཆས་ལས་གཞན་རྐང་ངར་སྲུང་ཆས་གྱོན་ན་ཤིན་ཏུ་ལེགས། རྐང་རྩེད་སྤོ་ལོ་རྩེ་བའི་སྐབས་སུ་རྗེ་ངར་ནི་རྨས་སྐྱོན་ཕོག་སླ་བའི་གནས་ཤིག་ཡིན་སྟབས་ངེས་པར་དུ་སྲུང་ཆས་གྱོན་དགོས། དྲ་གྲུག(网球)དང་བྱ་སྒྲོ་སྤོ་ལོ(羽毛球)རྩེ་སྐབས་གྲུ་མོ་དང་མཁྲིག་མ་སོགས་ཀྱི་སྲུང་ཆས་གྱོན་ན་ལེགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།