ཀྲུང་གོ་བོད་ཀྱི་དྲ་བ།

རི་ལ་འཛེག་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ལོན་མང་པོ་ཞིག་ལས་འཁྱུར་ངལ་གསོ་བྱས་རྗེས་ཁོམ་ཡོད་པས། དུས་ཚོད་མང་པོ་ལུས་ཁམས་བདེ་སྲུང་ཐད་བཀོལ་གྱིན་ཡོད་ཅིང་། རི་འཛེག་འགུལ་སྐྱོད་ཀྱི་ལས་རིགས་ལ་དགའ་མཁན་གྱི་ལོ་ལོན་ཡང་མང་པོ་འབྱུང་གི་ཡོད། རི་མགོར་འཛེག་ན་མིའི་ལུས་སེམས་བདེ་ཐང་ཡོང་བར་མ་ཟད། ད་དུང་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་རེད། ཡིན་ཡང་རི་མགོར་འཛེག་དུས་ཉེན་ཁ་མང་པོར་འཕྲད་སྲིད་པས་ང་ཚོས་བཤད་འདོད་པའང་དོ་སྣང་བྱེད་དགོས་པའི་དོན་ཚན་དག་ཡིན།

འདྲེད་སླ་བ་དང་ངོས་གཟར་བའི་ལམ་དུ་འགྲོ་བའི་གོམས་གཤིས་དང་རིང་དུ་གྱེས་དགོས་པར་མ་ཟད། རི་དང་ནགས་ཚལ་གྱི་ལམ་བརྒྱུད་པར་གཡོལ་དགོས། ལོ་ལོན་རྣམས་ནམ་མ་ལངས་གོང་རི་ལ་འཛེག་པ་དང་ས་རུབ་དུས་རི་ལས་འབབ་པ་སོགས་བྱས་ན་མགོ་འཐོམ་པའི་ཉེན་ཁ་ཡོད་ཅིང་། ལོ་ལོན་མང་པོ་ཞིག་གི་མིག་གིས་རྒྱང་རིང་མི་མཐོང་བས་འགྲིམ་འགྲུལ་ཡོ་བྱད་ལག་ཏུ་ཐོགས་ན་བཟང་། ལུས་སྟེང་དུ་ལྭ་བ་འོས་འཚམ་གྱོན་པ་དང་རྐང་མགོར་འདྲེད་འགོག་ལྷམ་གྱི་རིགས་གྱོན་དགོས།

ལོ་ལོན་རྣམས་ཀྱི་རྐང་ལག་དེ་འདྲའི་སྟབས་བདེ་པོ་མིན་པས་སྔ་མོ་ནས་འཁར་རྟེན་གྲ་སྒྲིག་བྱས་ཏེ། རི་མགོ་ནས་འདྲེད་དེ་ས་ལ་སྒྱེལ་བར་སྔོན་འགོག་གང་ལེགས་བྱེད་དགོས།

ཆུ་མང་པོ་འཐུང་དགོས། རི་མགོར་འཛེག་དུས་ལུས་པོར་ངལ་ཐང་ཆད་པའི་སྣང་བ་ཐོན་ནས་ལུས་སྟེང་གི་ཚྭ་རྣམས་ཤོར་འགྲོ་བ་རེད། དེའི་ཕྱིར་ཆུ་མང་པོ་འཐུང་ན་ལུས་སྟེང་གི་ཁྲག་ལ་ཕན་པར་མ་ཟད། མགྱོགས་མྱུར་ངང་ལུས་སྟོབས་རྒྱས་ཐུབ། སྔ་མོ་ནས་ཆུ་འཐུང་བ་ལས་སྐོམ་དྲགས་ཚེ་ད་གཟོད་ཆུ་འཐུང་ན་དེ་འདྲའི་ཕན་པ་མེད་པ་ཡིད་ལ་ངེས་དགོས།

རི་མགོར་མ་འཛེག་པའི་སྔོན་ལ་ཆུ་འགོག་གྲང་འགོག་གི་ལྭ་བ་དང་། དེ་མིན་སྨན་རྫས་ཀྱི་རིགས་ཀྱང་གྲ་སྒྲིག་བྱེད་དགོས། དཔེར་ན། བཤལ་འགོག་སྨན་དང་ཚ་འགོག་སྨན་སོགས་གྲ་སྒྲིག་བྱེད་དགོས། མི་རེ་རེའི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་རི་མགོར་འཛེག་པའི་འགུལ་སྐྱོད་བྱེད་དགོས། གལ་ཏེ་སྙིང་ཁམས་མི་བདེ་བའི་ནད་པ་ཞིག་ཡིན་ཚེ་རི་མགོར་འཛེག་པའི་འགུལ་སྐྱོད་ནང་མ་ཞུགས་ན་ལེགས། དེ་ལས་གཞན་ད་དུང་བརྒྱལ་གཟེར་ལངས་པ་དང་། མགོ་འཐོམས་ནད། ཁྲག་ཤེད་མཐོ་བའི་ནད། གློ་བའི་གཉན་ཚད་ཕོག་པའི་ནད་པ་སོགས་རི་མགོར་འཛེག་པར་མི་འཚམ།

གནམ་གཤིས་བཟང་བའི་དུས་སུ་ཕྱིར་བསྐྱོད་ན་ལེགས་པ་དང་། ཉི་མ་མ་ཤར་བའི་དུས་སུ་རི་མགོར་འཛེག་ན་བགྲོད་ལམ་གསལ་བོ་མིན་པར་མ་ཟད་དོན་རྐྱེན་གཞན་པ་འབྱུང་བར་ཉེན་ཁ་ཆེ། དགུན་དུས་ནམ་ཟླ་འཁྱགས་པའི་སྟབས་ཀྱིས་རི་མགོར་འཛེག་དུས་ཉི་འོད་ས་ལ་ཕོག་ཚེ་ཤར་བསྐྱོད་བྱས་ན་ལེགས། གལ་ཏེ་ཞོགས་ཟས་མ་ཟོས་པར་རི་མགོར་འཛེག་ན་མགོ་ཡུ་འཁོར་བ་དང་ཁྲག་རྩ་རེངས་པར་གྱུར་ནས་སྙིང་རྩ་འགག་པའི་ནད་འབྱུང་སླ་བ་རེད།

རི་མགོར་འཛེག་དུས་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་བྱེད་དགོས། དེ་མིན་ལུས་པོར་ལྡོག་ཕྱོགས་ཀྱི་རྐྱེན་མང་པོ་ཐོན་གྱི་ཡོད་པ་རེད། རི་མགོར་མ་འཛེག་པའི་སྔོན་དུ་གྲ་སྒྲིག་ལུས་སྦྱོང་བྱེད་དགོས་པ་དང་། བྲང་ཁ་གཟེར་བ་དང་། དབུགས་ཐུང་བ། རྔུལ་ཆུ་ཐོན་པ་ཡིན་ན་རི་མགོར་འཛེག་པའི་འགུལ་སྐྱོད་བྱེད་མཚམས་འཇོག་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།