ཀྲུང་གོ་བོད་ཀྱི་དྲ་བ།

འགོག་སྨན་ཅིག་བྱུང་བར་འགག་སྒོ་གང་དག་བརྒྱུད་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགོག་སྨན་གྱི་རྩ་བའི་བྱེད་ནུས་ནི་དཔེ་ལད་བརྒྱུད་ནས་མི་ལུས་ཀྱི་ནད་དུག་གི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དེ་ཡིན། གནས་ལུགས་བཤད་སླ་ཡང་། འགོག་སྨན་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མིན།

འགོག་སྨན་ཞིག་བཟོ་བར་ཆེས་ཉུང་ནའང་དུས་རིམ་བཞི་བརྒྱུད་དགོས་པ་སྟེ། གོམ་པ་དང་པོ་ནི་ནད་པའི་ལུས་སྟེང་ནས་ནད་དུག་གི་མ་དཔེ་ལེན་དགོས། གོམ་པ་གཉིས་པ། ནད་དུག་ལོགས་སུ་དབྱེ་ནས་འགོག་སྨན་བཟོ་དགོས། སྲོལ་རྒྱུན་གྱི་འགོག་སྨན་ནི་ཆེས་འོས་ཤིང་འཚམ་པའི་ནད་དུག་བདམས་ནས་གསོན་པ་གསོད་པ་དང་། དུག་འཕྲི་སོགས་ཀྱི་བྱེད་ཐབས་བརྒྱུད་བཟོས་པ་ཡིན། ཉིང་སྐྱུར་དང་ནད་དུག་ཐེག་གཟུགས་རིགས་ཀྱི་འགོག་སྨན་ནི་ནད་དུག་རྒྱུད་རྒྱུ་ཚད་འཇལ་བརྒྱུད་དེ། འགག་རྩ་བཙལ་ཏེ་སྤྲི་དཀར་རམ་ཡང་ན་དེའི་ཆ་ཤས་ཤིག་གདམ་བྱའི་འགོག་སྨན་བཟོ་དགོས། གོམ་སྟབས་གསུམ་པ། སྲོག་ཆགས་ལ་ཚོད་ལྟ་བྱེད་པ། འགོག་སྨན་གྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་དཔྱད་དཔོག་བྱེད་དགོས་པ་མ་ཟད། ད་དུང་འགོག་སྨན་བརྒྱབ་པའི་སྲོག་ཆགས་ལ་འགོས་ནད་ཕོག་མིན་ལའང་ལྟ་ཞིབ་བྱེད་དགོས། གོམ་རིམ་བཞི་པ། རྒྱལ་ཁབ་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུའི་རེ་འདུན་ཞུ་དགོས། གོང་གསལ་གྱི་དུས་མཚམས་བཞི་ལེགས་གྲུབ་བྱུང་རྗེས་གཞི་ནས་འགོག་སྨན་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་ཆོག་པ་དང་། རྒྱལ་ཁབ་ཀྱིས་ཞིབ་མཆན་འགོད་པ་དང་། ཐོན་སྐྱེད་འབོར་ཆེན་བྱེད་པ། དཔེ་འཐེན་ཞིབ་བཤེར་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས་གཞི་ནས་དངོས་སུ་ཁྲོམ་རར་འདོན་ཆོག །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།