ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ཀྱིས་རང་གི་རིམས་འགོག་ནུས་པ་ཤེས་སམ།

    སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

u=4162246728,3068137734&fm=11&gp=0.jpg

རིམས་འགོག་ནུས་པ་ནི་མིའི་ལུས་ཕུང་གིས་ཕྱི་ནས་ཡོང་བའི་ནད་དུག་དང་འབུ་ཕྲ་སོགས་དངོས་པོ་གཞན་པ་དབྱེ་འབྱེད་དང་རྩ་མེད་དུ་བཏང་སྟེ། ལུས་སྟེང་གི་ཁོར་ཡུག་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་ནུས་པ་ལ་ཟེར། མདོར་བསྡུས་ནས་བཤད་ན། རིམས་འགོག་ནུས་བ་ནི་མི་ལུས་ཀྱིས་“རང་མིན་”ངོས་འཛིན་དང་གཙང་སེལ་བྱེད་པའི་སྐྱེ་ལུགས་འགྱུར་འབྱུང་ཞིག་ཡིན།

རིམས་འགོག་ནུས་པ་དམའ་མི་རུང་ལ། ཚད་ལས་བརྒལ་མི་རུང་། ཚད་བརྒལ་ཞེས་པ་ནི་གཙོ་བོ་རིམས་འགོག་མ་ལག་གིས་ཕྱི་ནས་ཡོང་བའི་དངོས་པོ་ལ་རྒྱུན་ལྡན་མིན་པའི་རིམས་འགོག་ངར་ལངས་རྣམ་པ་མངོན་པ་དང་། ཆེས་ཆེ་བའི་མངོན་ཚུལ་ནི་ཚོར་ལོག་ཡིན། རིམས་འགོག་ནུས་བ་དམའ་བ་སྟབས་བདེའི་སྒོ་ནས་བཤད་ན་འགོག་ཤུགས་ཅུང་ཞན་པ་ལ་ཟེར།

མི་རྣམས་ཀྱིས་དུས་རྒྱུན་རིམས་འགོག་ནུས་པ་དང་འགོག་ཤུགས་གཉིས་འདྲ་མཉམ་དུ་ངོས་འཛིན། དོན་དངོས་སུ་རིམས་འགོག་སྙོམས་སྒྲིག་བྱེད་པར་མ་ལག་དང་དབང་བོ་གཞན་པ་ཞུགས་དགོས། དཔེར་ན། དབང་རྩའི་མ་ལག་དང་སྙིང་གི་ཁྲག་རྩའི་མ་ལག འཁོར་སྐྱོད་ཕྲ་མོ་མ་ལག འབྱིན་རྔུབ་མ་ལག འཇུ་བྱེད་མ་ལག གཅིན་ཟགས་མ་ལག་བཅས་ཡོད། མ་ལག་འདི་དག་མཉམ་དུ་ཞུགས་ན་ད་གཟོད་ལུས་ཕུང་གི་འགོག་ཤུགས་ངོ་མ་གྲུབ་ཐུབ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།