ཤ་རློན་པ་ཟོས་ཚེ་གནོད་པ་གང་དག་ཡོད།

རོང་འབྲོག་ཁུལ་གྱི་མང་ཚོགས་ཚོར་སྐམས་ཤ་དང་ལུག་ཤ་སོགས་ཀྱི་ཤ་སྐམ་དང་།  སེ་ཕན་ནང་ཤ་བསྙལ་བ།  ཕྱེད་ཙམ་སྐམ་པའི་ཤ།  ཤ་རློན་པ་སོགས་ཟ་བའི་གོམས་གཤིས་ཡོད། འོན་ཀྱང་ཤ་རློན་པ་ཟ་བ་དང་ལྷག་པར་དུ་ཉར་ཚགས་བྱས་པའི་ཤ་རློན་པ་ཟོས་ཚེ་རྟག་ཏུ་ཟས་དུག་ཕོག་སྲིད།  ཤ་རློན་པ་ཟོས་ཚེ་ཐུམ་འབུའི་ནད་གཞི་འབྱུང་བ་ཡིན།  1988ལོར་རང་རྒྱལ་གྱི་ཐེངས་དང་བོའི་མིའི་ལུས་ཕུང་གི་གཞན་རྟེན་སྲིན་འབུའི་ནད་གཞི་ཁྱབ་ཚུལ་བརྟག་དཔྱད་བྱེད་སྐབས་ས་གནས་འགའ་ཤས་ཀྱི་མི་ཚོགས་ཆ་ཤས་ལ་ནད་ཕོག་ཚད32.1%ཟིན་ཡོད།  དེར་བརྟེན་ཚང་མར་དྲན་སྐུལ་ཞུ་རྒྱུར་ཞིག་ནི་རང་ཉིད་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ཆེད་ཐད་ཀར་ཤ་རློན་པ་མི་ཟ་བར་ལུགས་མཐུན་གྱི་ཟས་སྤྱོད་བྱ་དགོས།  །    

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།