འཛམ་གླིང་གི་ཆུ་ཀླུང་ཆེན་མོ་སྟེ་ཏའོ་ནའོ་གཙང་པོ།

ཏའོ་ནའོ་གཙང་པོ་ནི་ཡོ་རོབ་ཀྱི་ཆུ་ཀླུང་རིང་པོ་གཉིས་པ་ཡིན། གཙང་པོ་དེ་འཇར་མན་གྱི་ལྷོ་ནུབ་རྒྱུད་ནས་བབས་ཏེ་ནུབ་ནས་ཤར་དུ་བཞུར་ཞིང་། ཨོ་ཏྲི་ལི་དང་། སི་ལོ་ཝ་ཁེ། ཧང་ག་རི། ཁ་རེ་ཐི་ཡ། སར་ཝེ་ཡ། རོ་མ་ནུ་ཡ། མོར་ཝ། ཡུག་ཁུ་རེན་བཅས་བརྒྱུད་མཐར་ནག་མཚོ་ཞུགས་ཡོད། ཏའོ་ནའོ་གཙང་པོ་དེ་རྒྱལ་ཁབ9ལ་བརྒྱུད་ཡོད་ཅིང་། འཛམ་གླིང་ཐོག་བཞུན་རྒྱུན་རྒྱལ་ཁབ་ཆེས་མང་བའི་ཆུ་བོ་རེད། 

གཙང་པོ་དེའི་ཡན་ལག་ཆུ་བོ་སུའུ་ཝེ་ཧྲི་དང་། ཕོ་ལན། དབྱི་ཐ་ལི། པོ་སི་ཉི་ཡ། སེ་ཀོ་ཀེ་ཝེ་ན། ཅེན་ཁེ། སི་ལོ་ཝེན་ཉི་ཡ་སོགས་རྒྱལ་ཁབ6ཏུ་བསྲིངས་ཡོད། གཙང་པོའི་རིང་ཚད་ཧྲིལ་པོར་སྟོང་སྨི2850ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་81.7ཟིན་ཡོད། ཏའོ་ནའོ་གཙང་པོའི་ཆུ་གཞུང་དུ་ཆུ་མགོ་ནས་ཝེ་ཡེ་ནཱའི་བར་སྟོད་རྒྱུད་དང་། ཝེ་ཡེ་ནཱ་ནས་ཐེ་མོན་བར་ནི་བར་རྒྱུད་ཡིན། ཐེ་མོན་མན་ནི་སྨད་རྒྱུད་ཡིན། ཏའོ་ནའོ་གཙང་པོའི་མཚོ་ཐོག་སྐྱེལ་འདྲེན་དར་རྒྱས་ཆེ་ཞིང་། མཚོ་ངོགས་སུ་གྲུ་ཁ100ལྷག་ཙམ་ཡོད་པས་དེ་ནི་ངོགས་གཉིས་ཀྱི་རྒྱལ་ཁབ་ཁག་གི་སྐྱེལ་འདྲེན་གྱི་འཕར་རྩ་ཆེན་པོ་ཞིག་རེད། གྲུ་ལམ་གཞན་དག་དང་སྦྲེལ་བའི་ཆེད་དུ། སྔ་གཞུག་ཏུ་མིས་བཟོས་གཙང་པོ་མང་པོ་བཟོས་ཤིང་འཇར་མན་གྱིས་ལའེ་དབྱིན-མེ་དབྱིན་-ཏུའོ་ནའོ་མིས་བཟོས་གཙང་པོ་བསྐྲུན་ཏེ། ཏའོ་ནའོ་གཙང་པོ་དང་ལའེ་དབྱིན་ཆུ་བོའི་ཆུ་རྒྱུད་ཆེན་པོ་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད། 

ཏའོ་ནའོ་གཙང་པོས་ཡོབ་གླིང་དབུས་མ་དང་ཡོབ་ཤར་ལྷོའི་རྒྱུད་ཀྱི་གནས་སྤོས་ཡུལ་མི་དང་ཆབ་སྲིད་འཕོ་འགྱུར་ཐད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེའི་ངོགས་གཉིས་སུ་བསྒྲིགས་པའི་མཁར་རྫོང་དང་བཙན་རྫོང་ནི་གནའ་བོའི་བཙན་རྒྱལ་བར་གྱི་ས་མཚམས་སུ་གྱུར་ཡོད། ཆུ་ལམ་དེས་རྒྱལ་ཁབ་བར་གྱི་ཚོང་ལམ་དུ་གྱུར་ཡོད་ཅིང་། དུས་རབས20པར་ད་དུང་སྔར་བཞིན་ཉོ་ཚོང་གི་འཕར་རྩ་ཆེན་པོའི་ནུས་པ་འདོན་བཞིན་ཡོད། 

འབབ་རྒྱུད་ས་དབྱིབས། ཏའོ་ནའོ་གཙང་པོའི་འབབ་རྒྱུད་ནི་ཡོབ་གླིང་དབུས་མ་དང་ཡོབ་ཤར་ལྷོའི་མཚམས་སུ་གནས་ཤིང་། ཕྱོགས་གསུམ་རི་བོས་བསྐོར་ཅིང་ནུབ་རྒྱུད་དུ་ཧེ་ལིན་རི་བོ་ཡོད་ཅིང་། ལྷོ་རྒྱུད་དུ་ནུབ་ནས་ཤར་དུ་ཨའར་པེ་སི་རི་བོ་དང་། ཝེ་ལའེ་པི་རོ་བོ། ཏི་ན་ལ་རི་བོ། ལའོ་ཧྲན་རི་བོ་བཅས་ཡོད། བྱང་དུ་ནུབ་ནས་ཤར་དུ་ཅེན་ཁེ་ལིན་རི་བོ་དང་། ཧྲུའུ་མ་ཝར་རི་བོ། སུའུ་ཐའེ་ཏེ་རི་བོ། ཁཱར་པ་ཆན་རི་བོ་བཅས་ཡོད་ལ། ཤར་དུ་ནག་མཚོར་འཕྲད་ཡོད། 

འགྲམ་རྒྱུད་གྲོང་ཁྱེར། པུ་ཏ་ཕེ་སི་གྲོང་ཁྱེར་དང་པེར་ཀེ་ལེ་ཏི།  ཝེ་ཡེ་ནཱ། པུའུ་ལ་ཏི་སི་ལ་ཧྥ། ལུའེ་ཀེན་སི་པའོ་སོགས་མིང་དུ་གྲགས་ཤིང་ལོ་རྒྱུས་རིང་བའི་གྲོང་ཁྱེར་མང་བོ་ཡོད། 

གཞན་ཆུ་སྤྱོད་གློག་འདོན་དང་འགྲིམ་འགྲུལ་སྐྱེལ་འདྲེན། འཚོ་བའི་ཆུ་སྤྲོད་སོགས་བྱེད་ནུས་མང་བོ་བཏོན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།