འབྲི་ཆུ་ནི་འཛམ་གླིང་གི་ཆུ་རྒྱུན་གསུམ་པ་དང་ཨེ་ཤ་ཡའི་ཆུ་རྒྱུན་དང་པོ་དེ་ཡིན།
“འཛམ་གླིང་གི་ཡང་རྩེ”སྟེ་མཚོ་བོད་ས་མཐོའི་གདང་ལའི་སྐུ་ལ་མདའ་མདོང་རི་བོའི་ལྷོ་ནུབ་ཕྱོགས་ནས་བབས་ཤིང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས། སི་ཁྲོན། ཡུན་ནན། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན། ཅང་ཤིས། ཨན་ཧུའེ། ཅང་སུའུ། ཧྲང་ཧའེ་བཅས་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་བཅུ་གཅིག་བརྒྱུད་ནས་ཤར་རྒྱ་མཚོར་བབས་ཡོད། འབྲི་ཆུ་སྤྱིའི་རིང་ཚད་སྤྱི་ལེ6300ལྷག་ཡོད་ཅིང་འཛམ་གླིང་ཡོངས་ཀྱི་གཙང་པོའི་ནང་ཨ་ཧྥེ་རི་ཁའི་ཉི་ལུའོ་གཙང་པོ་དང་ཨ་མེ་རི་ཁ་གླིང་ལྷོ་མའི་ཡ་མ་སོན་གཙང་པོ་ཕུད་པའི་འཛམ་གླིང་གི་ཆུ་རླུང་རིང་ཤོས་ཨང་གསུམ་པ་དེ་ཡིན།
འབབ་རྒྱུན། འབྲི་ཆུའི་རླུང་རྒྱུན་ནུབ་ནས་ཤར་དུ་བཞུར་ཏེ་ཀྲུང་གོའི་དབུས་རྒྱུད་དུམ་བུར་བཅད་ཅིང། ཡན་ལག་ཆུ་བོ་བརྒྱ་ཕྲག་ཁ་ཤས་ཡོད་པ་དེ་དག་ཀུའེ་ཀྲོའུ་དང་།ཀན་སུའུ།ཧྲའན་ཤིས།ཧོ་ནན།ཀོང་ཤིས།ཀོང་ཏུང་།ཀྲེ་ཅང་།ཧྥུའུ་ཅན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁུལ་བརྒྱད་ཀྱི་ས་ཁུལ་ཁག་ཏུ་སྲིང་ཡོད། འབབ་རྒྱུད་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི180ཡོད་པ་དེས་ཀྲུང་གོའི་སྐམ་སའི་རྒྱ་ཁྱོན་གྱི1/5ཟིན། འབྲི་ཆུའི་རླུང་རྒྱུན་གྱི་དབྱི་ཁྲང་ཡན་ནི་སྟོད་རྒྱུད་ཡིན་ཞིང་རིང་ཚད་སྤྱི་ལེ4504དང་།དབྱི་ཁྲང་ནས་ཧུའུ་ཁོའུ་བར་ནི་བར་རྒྱུད་ཡིན་ཞིང་རིང་ཚད་སྤྱི་ལེ 955ཡོད། ཧུའུ་ཁོའུ་ཡི་སྨད་ནི་སྨད་རྒྱུད་ཡིན་ལ་རིང་ཚད་སྤྱི་ལེ938ཡོད།
འབྲི་ཆུའི་མིང་གི་རྣམ་གྲངས། ཐོ་ཐོ་ཆུ་བོ། ཐུང་ཐེན་ཆུ་བོ། ཅིན་ཧྲ་གཙང་བོ། ཁྲོན་ཅང་གཙང་བོ། ཅིན་ཅང་གཙང་བོ། ཡང་ཙི་ཅང་གཙང་བོ་སོགས་ནི་འབྲི་ཆུའི་ཆུ་མཚམས་སོ་སོའི་མིང་གི་རྣམ་གྲངས་གཞན་དག་ཡིན།
ཡན་ལག་ཆུ་བོ་། ཉག་ཆུ། རྨིན་ཅང་གཙང་བོ། ཐུའོ་ཅང་གཙང་བོ། ཅ་ལིན་ཅང་གཙང་བོ། ཝུའུ་ཅང་གཙང་བོ། ཆིན་ཅང་གཙང་བོ། ཧན་ཅང་གཙང་བོ། ཞང་ཅང་གཙང་བོ། ཙི་ཧྲུའེ་ཆུ་བོ། ཡོན་ཅང་གཙང་བོ། ལི་ཆུ། ཀན་ཅང་གཙང་བོ། ཧྥུ་ཧི་ཆུ་བོ། ཞིན་ཅང་གཙང་བོ། རའོ་ཧོ་ཆུ་བོ། ཞིའུ་ཧོ་ཆུ་བོ་བཅས་ནི་འབྲི་ཆུའི་ཡན་ལག་ཆུ་བོ་ཆེ་ཤོས་དག་རེད།
འབབ་རྒྱུན་མཚེའུ། ཏུང་ཐིང་མཚེའུ། པོ་དབྱང་མཚེའུ། ཐའེ་ཧུའུ་མཚེའུ། ཁྲའོ་ཧུའུ་མཚེའུ་སོགས་འབྲི་ཆུའི་འབབ་རྒྱུན་དུ་འཁྱིལ་ཡོད།
ཆུ་བེད་བཟོ་སྐྲུན། ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ། ནུབ་རྒྱུད་ལས་གྲྭ། དབུས་རྒྱུད་ལས་གྲྭ། ཤར་རྒྱུད་ལས་གྲྭ་སོགས་བཟོ་སྐྲུན་ལས་གྲྭ་མང་པོས་ཕྱོགས་བཞིའི་ཆུ་བེད་དང་ཆུའི་ཐོན་ཁུངས་དོ་མཉམ་ལ་བྱེད་ནུས་ཆེན་པོ་ཐོན་ཡོད།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཀྲུང་གོའི་ཆུ་ཀླུང་ཆེན་པོ་འབྲི་ཆུ།