སྤྱི་ཚོགས་འགན་སྲུང་བྱང་བུ་དང་འབྲེལ་བའི་ཤེས་བྱ་འདི་དག་ཁྱོད་ཀྱིས་ཤེས་སམ།

སྤྱི་ཚོགས་འགན་སྲུང་བྱང་བུ་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཁྱེར་ཞིག་ཡིན། འོན་ཀྱང་གཤམ་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་དང་འབྲེལ་བའི་གསང་བ་ཆུང་ཆུང་འདི་དག་ཁྱོད་ཀྱིས་ཤེས་སམ།

སྤྱི་ཚོགས་འགན་བཅོལ་བྱང་བུ་འགྲེམས་སྤེལ་བྱེད་ཚད་དུང་ཕྱུར13ལས་བརྒལ་ཡོད། 2025ལོར་སླེབས་སྐབས་གཞི་རྩའི་ཆ་ནས་རྒྱལ་ཡོངས་ཀྱི་མི་ཚང་མར་ཁྱབ་སྲིད། 

གོ་མིང་རྒྱུགས་ལེན་ཁག་ཅིག་གི་ཁྲོད། སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་པ་ཡིན 

ན་ནིང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས《ཐོབ་ཐང་རྒྱུགས་ལེན་སྒྲིག་འཛུགས་དང་ལག་བསྟར་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང2019ལོའི་ལོ་སྨད་ནས་བཟུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་རྒྱལ་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་རྒྱུགས་ལེན་ཁྲོད་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱབ་གདལ་དང་བེད་སྤྱོད་བཏང་བ་རེད།

རྒྱལ་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་རྒྱུགས་ལེན་དྲ་རྒྱའི་མ་ལག་ཁྲོད་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་དུ་བརྩིས་ནས་མིང་ཐོ་བཀོད་ཆོག

2019ལོའི་ལོ་སྨད་ནས་བཟུང་རྒྱུགས་སྤྲོད་མི་སྣས་གོ་ཆོད་པའི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་ནས་ཐོབ་ཐང་ལག་ཁྱེར་དུ་བརྩིས་ཏེ་རྒྱུགས་རའི་ནང་ཞུགས་ཆོག་པ་དང་ཐོབ་ཐང་ཡིག་རྒྱུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཡིག་རྒྱུགས་ནང་ཞུགས་ཆོག

ས་གནས་ཁག་གི་མི་དོན་ཡིག་རྒྱུགས་སྒྲིག་གཞིས་ས་གནས་དེ་གའི་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱབ་གདལ་བེད་སྤྱོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུའི་བེད་སྤྱོད་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱུགས་སྤྲོད་མི་སྣར་དེ་བས་ཕན་ནུས་ཆེ་ཞིང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས། བྱེ་བྲག་གི་གནས་ཚུལ་ས་ཁུལ་སོ་སོས་ཁྱབ་བསྒྲགས་བྱས་པའི་ཐོབ་ཐང་རྒྱུགས་ལེན་གྱི་གཏན་འབེབས་ཚད་གཞིར་ལྟར་ཡིན།

བྱང་བུ་གཅིག་གིས་སྤྱི་ཚོགས་ཀྱི་ཕན་བདེ102ལོངས་སུ་སྤྱད་ཆོག་པ།

གོ་མིང་རྒྱུགས་ལེན་ཁྲོད་ཐོབ་ཐང་ལག་ཁྱེར་དུ་བརྩིས་ནས་རྒྱུགས་རའི་ནང་ཞུགས་ཆོག་པ་ཕུད། འགན་བཅོལ་ནང་ཞུགས་མཁན་གྱིས་བྱང་བུ་འཁྱེར་ནས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པ་དང་། ཕན་བདེ་ལེན་པ། འཕྲོད་བསྟེན་སྨན་ཉོ། ཆ་འཕྲིན་འདྲི་ཞིབ། ཡུལ་གཞན་དུ་སྨན་པ་བསྟེན་ནས་སྨན་རིན་རྩིས་རྒྱག་པ། ངལ་རྩོལ་ནུས་ཤུགས་གསལ་འབྱེད། ལས་ཞུགས་ལས་ཤོར་ཐོ་འགོད་སོགས་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ནུས་པ102ལོངས་སུ་སྤྱད་ཆོག་པ་རེད།

སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲིམས་འགལ་ངང་བེད་སྤྱོད་བྱས་ཏེ། བྱས་ཉེས་ཚབས་ཆེན་ཡིན་ན་ཉེས་འགན་བདའ་འདེད་གཏོང་རྒྱུ་རེད།

སྤྱི་ཚོགས་འགན་སྲུང་བྱང་བུའི་ནུས་པ་ཆེ་ཡང་གཤམ་གྱི་བྱ་སྤྱོད་དག་ལ་སེམས་ཆུང་བྱ་དགོས།

1.འཚོ་བའི་མཁོ་ཆས་ཉོ་བ་དང་། རིམས་ནད་སྨན་བཅོས་དང་ཐད་ཀར་འབྲེལ་བ་མེད་པའི་ལུས་རྩལ་སྦྱོང་བརྡར་རམ་ཡང་ན་ལུས་གསོ་འཕྲོད་སྦྱོར་སོགས་ཀྱི་འཛད་སྤྱོད་བྱེད་པ།

2.སྨན་དང་སྨན་རྫས་བརྗེ་བ(དངོས་རྫས)དང་། སྨན་རྫས་གཞན་དུ་འཚོང་བ། བརྟག་དཔྱད་དང་སྨན་བཅོས་ཀྱི་རྣམ་གྲངས་རྫུན་འབྲི་བྱེད་པ་སོགས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པ་དང་། ཁྱབ་ཁོངས་ལས་བརྒལ་བའི་སྨན་རྫས་ཉོ་སྒྲུབ་དང་སྨན་རྫས་གསོག་ཉར་བྱེད་པ།

3.མི་གཞན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་རྐུ་སྤྱོད་དང་ཧམ་སྤྱོད་བྱེད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བརྒྱད་ཅུ་པར། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཐོབ་ཐང་དཔང་ཡིག་འདོན་སྤྲོད་བྱེད་དགོས་པའི་བྱེད་སྒོའི་ནང་མི་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། ལམ་ཡིག སྤྱི་ཚོགས་འགན་སྲུང་བྱང་བུ། ཁ་ལོ་བའི་ལག་ཁྱེར་སོགས་ཁྲིམས་ལྟར་ཐོབ་ཐང་ར་སྤྲོད་བྱེད་ཆོག་པའི་ལག་ཁྱེར་རྫུན་བཟོ་དང་སྒྱུར་བཟོ་བྱས་པའམ་ཡང་ན་རྐུ་སྤྱོད་བྱེད་པའི་བྱ་སྤྱོད་ཡོད་ཚེ། ཉེས་གསོག་ཚབས་ཆེན་ལ་བཙོན་འཇུག་གམ་ཁྲིམས་ལྟར་དོ་དམ་དང་དངུལ་ཆད་གཅོད་རྒྱུ། གོང་གསལ་དོན་ཚན་ནང་འཁོད་པའི་ཉེས་བསགས་ཡོད་པ་དང་ཆབས་ཅིག་ཏུ་བྱས་ཉེས་གཞན་དག་བསགས་པའི་རིགས་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུའི་གཏན་འབེབས་ལྟར་བྱས་ཉེས་གཏན་ཁེལ་གྱི་ཉེས་ཆད་གཅོད་རྒྱུ་ཡིན།

4.རང་ཉིད་ཀྱི་བྱང་བུ་གཞན་ལ་གཡར་བ།

5.ནད་ཐོ་དང་། སྨན་ཐོ། བརྟག་དཔྱད་སྙན་ཞུ། ནད་གཞི་བརྟག་དཔྱད་ཀྱི་ངོ་སྤྲོད་ཡི་གེ་སོགས་སྨན་བཅོས་ཡིག་ཆ་དང་སྨན་རིན་གྱི་འཛིན་ཤོག་རྫུན་མ་བཟོས་པའམ་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་དཔང་འཛིན་དུ་བེད་སྤྱོད་བྱས་ཚེ་སྨན་བཅོས་འགན་བཅོལ་གཡོ་ལེན་གྱི་ནང་དུ་བརྩི་རྒྱུ།

6.སྨན་ཁང་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་སྤྱད་དེ་ནད་གཞིའི་གནས་ཚུལ་ལས་བརྒལ་བའི་སྨན་བླངས་ནས་མི་གཞན་ལ་བཙོང་བ་ནི། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་བྱ་སྤྱོད་ཅིག་ཡིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།