ཀྲུང་གོ་བོད་ཀྱི་དྲ་བ།

སྣ་ཁུང་སློག་ན་གློ་ཚད་ཀྱི་ཉེན་ཁ་ཇེ་ཆེར་གཏོང་བ་བདེན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རྣམས་ཀྱིས་རྒྱུན་དུ་“ནད་ཁ་ནས་ཕོག་”ཅེས་བཤད་ཀྱི་ཡོད། དབྱིན་ཇིའི་ཚན་རིག་པས་ཉེ་ཆར་“ནད་སྣ་ནས་ཕོག་པ” སྟེ། སྣ་ཁུང་དྲུས་ནའང་གློ་ཚད་ཕོག་སྲིད་ཅེས་བསྟན་ཡོད།

དབྱིན་ཇིའི་ལི་ཝུའུ་ཕུའུ་ཚ་རྒྱུད་གསོ་རིག་གླིང་གི་ཞིབ་འཇུག་པ་ཝུའེ་ཏུའོ་ལི་ཡ·ཁང་ནྰ་འབུམ་རམས་པ་དང་དེའི་ཞིབ་འཇུག་ཚོགས་ཆུང་གིས་ཚོད་ལྟ་ནང་ཞུགས་མཁན་གྱི་མི་དར་མ་40ལ་གློ་ཚད་དང་འབུ་ཕྲ་མི་ལུས་ཀྱི་པགས་པའི་ཐོག་མཆེད་པའི་བརྒྱུད་རིམ་ཚོད་ལྟ་བྱས་རྗེས་སྣ་ཁུང་འདྲུ་བའམ་ཡང་ན་སྣ་ཁུང་ཕུར་སྐབས་གློ་ཚད་ཀྱི་འབུ་ཕྲ་མཆེད་པའི་གྲངས་འབོར་མང་ཤོས་དང་ཁྱབ་སྤེལ་མྱུར་ཚད་མགྱོགས་ཤོས་ཡིན་པ་ཤེས་རྟོགས་བྱུང་ཡོད།

ཡོ་རོབ་ཀྱི་དབུགས་འབྱིན་རྔུབ་སློབ་ཚོགས་ཀྱི་ཚོགས་གཙོ་ཐུའོ་པའེ་ཨེ་སི·ཝེར་ཐེ་ཡིས་གློ་བའི་གཉན་ཚད་སོགས་ནད་འབུ་འགོ་ཚད་དམའ་རུ་གཏོང་ཆེད་ངེས་པར་དུ་མང་ཚོགས་ཀྱི་ལག་པ་གཉིས་ཀྱི་འཕྲོད་བསྟེན་གོམས་གཤིས་དང་འགོ་ནད་ཚོད་འཛིན་བྱེད་པའི་རང་ངོས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

མི་རྣམས་ཀྱིས་རིམས་འགོག་མ་ལག་གི་ནུས་པ་ཞན་པའི་ཕྲུ་གུ་དང་། རྒན་རྒོན། སྐྲན་ནད་སོགས་ཡོད་པའི་ནད་པར་འབྲེལ་གཏུག་བྱེད་སྐབས་ངེས་པར་དུ་ལག་པའི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་མ་ཟད། ད་དུང་གློ་ཚད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་བཟའ་བཅའ་དང་། བཏུང་བྱ། ལག་འཁྱེར་ཁ་པར་སོགས་ཀྱི་དངོས་རྫས་མཉམ་སྤྱོད་བྱེད་པ་འགོག་གང་ཐུབ་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།