ཀྲུང་གོ་བོད་ཀྱི་དྲ་བ།

“ཐེངས་གཅིག་སྦྲུམ་ན་ལོ་གསུམ་ལ་རྟུལ”ཞེས་པའི་རྒྱུ་མཚན་ཅི་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རྣམས་ཀྱིས“ཐེངས་གཅིག་ལ་མངལ་སྦྲུམ་ན་ལོ་གསུམ་ལ་རྟུལ”ཞེས་བརྗོད་ཀྱི་ཡོད། དེའི་དོན་ནི་བྱིས་པ་བཙས་རྗེས་ཨ་མ་མང་བོ་ཞིག་གླེན་རྟུལ་དུ་གྱུར་འགྲོ་བར་བརྗོད། ལས་ཀ་སྒྲུབ་དུས་ཀྱང་བརྗེད་ངད་ཆེ་བ་སྟེ། གོམ་གཅིག་གི་རྗེས་རང་ཉིད་ཀྱིས་སྒྲུབ་དགོས་པའི་བྱ་བ་བརྗེད་འགྲོ།

དོན་དངོས་ཐོག“ཐེངས་གཅིག་ལ་མངལ་སྦྲུམ་ན་ལོ་གསུམ་ལ་རྟུལ”ཞེས་པའི་ཤོད་སྟངས་དེར་ནད་ཐོག་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གསལ་པོ་མེད། སྦྲུམ་མ་དང་བང་མའམ་ཡང་ན་ཨ་མ་“གླེན་པར་འགྱུར་”དོན་ནི་བློ་རྩེ་དང་སེམས་ཤུགས་ཐར་ཐོར་དུ་གྱུར་པའི་རྐྱེན་གྱིས་ཡིན་ཏེ། དཔེར་ན་ཕྲུ་གུར་ལྟ་སྐྱོང་བྱེད་དགོས་པའི་རྐྱེན་གྱིས་འཚོ་བའི་ཆོས་ཉིད་མི་བསྟུན་པ་དང་དུས་ཡུན་རིང་བོར་དཀའ་ཚེགས་མྱོང་བ། གཉིད་འདང་ངེས་ཞིག་མེད་པ་སོགས་ཀྱིས་ཡིན།

བཤད་སྲོལ་ལ་ལར“བུད་མེད་ལ་མངལ་འཁོར་རྗེས། ལུས་སྟེང་གི་མོ་གཤིས་སྐུལ་རྩི་ཆུ་ཚད་ཀྱི་འགྱུར་ལྡོག་གིས་སྦྲུམ་མའི་སེམས་ཁམས་དང་དྲན་ཤེས་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་”ཅེས་བཤད་བཞིན་པ་དེར། ཆེད་མཁས་པས་མངལ་འཁོར་རྗེས་སྦྲུམ་མའི་ལུས་ཀྱི་སྐུལ་རྩིའི་འགྱུར་ལྡོག་གིས་ལུས་ཕུང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་མོད། འོན་ཀྱང་སྦྲུམ་མའི་ཡིད་འཛིན་ནུས་པ་དང་ཚུར་སྣང་ནུས་པར་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད། བུད་མེད་ཀྱི་མངལ་སྦྲུམ་ཚར་རྗེས། ཕྲུ་གུ་བཙས་མ་ཐག་ཏུ་སྐུལ་རྩི་གྲངས་ཚད་རྒྱུན་ལྡན་དུ་འགྱུར་ངེས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།