གཅིན་སྙི་ཟ་ཁུའི་ནད་༼གཅིན་པ་མངར་འགྱུར་གྱི་ནད༽སྔོན་འགོག་བྱེད་རྒྱུ་དེ་གཙོ་བོ་འཚོ་བ་རོལ་སྟངས་ལ་རག་ལས།

ད་ལོའི་ཟླ་11པའི་ཚེས་14ཉིན་ནི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅིན་སྙི་ཟ་ཁུའི་ཉིན་མོ”ཐེངས13པ་དེ་ཡིན་ཞིང་། དེའི་བརྗོད་བྱ་གཙོ་བོ་ནི“གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་ཚོད་འཛིན་བྱས་ནས་ཁྱེད་ཀྱི་ཁྱིམ་ཚང་སྲུང་སྐྱོབ་བྱེད་དགོས”ཞེས་པ་དེ་རེད། ཁྱིམ་ཚང་དང་མི་སྒེར་གྱི་བདེ་ཐང་ལྟེ་བར་འཛིན་པ་དང་། བདེ་ཐང་གི་འཚོ་བ་རོལ་སྟངས་དང་དུས་བཅད་བརྟག་བཤེར་གཙོ་གནད་དུ་བྱས་ནས། མི་སྒེར་དང་ཁྱིམ་ཚང་གི་ཁོངས་མིའི་ཁྲག་མངར་ཆུ་ཚད་ཤེས་རྟོགས་བྱ་རྒྱུ་ཁྱབ་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གིས་གཅིན་སྙི་ཟ་ཁུའི་ནད་གཞི་སྔོན་འགོག་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

གཅིན་སྙི་ཟ་ཁུའི་ནད་ནི་གསང་རྒྱུད་ཟགས་གཤེར་སྙོམས་ཤོར་གྱིས་སྐྱེད་པའི་རྙིང་ཚབ་གསར་བརྗེའི་ནད་ཅིག་ཡིན། ནང་གི་ཟགས་ཐོན་དང་རིམས་ཐར། དབང་རྩའི་དྲ་བའི་མ་ལག་ལ་འགྱུར་ལྡོག་བྱུང་བ་དེས་ཀྱང་ཤ་རྨེན་གྱི་བྱེད་ནུས་ལ་གནོད་པ་ཐེབས་སྲིད་ལ། ཟགས་ཐོན་རྙིང་ཚབ་གསར་བརྗེ་ཚན་པའི་ཆེད་མཁས་པས་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་ནུས་ལྡན་བྱ་རྒྱུར་འཚོ་བ་སྐྱེལ་སྟངས་ལ་ཐེ་ཇུས་བྱ་རྒྱུ་གལ་ཤིན་ཏུ་ཆེ་སྟེ།

 ༡.དུས་ཡུན་རིང་པོར་ཙོག་སྡོད་མི་བྱེད་པར་མ་ཟད་ཆོས་ཉིད་ལྡན་པའི་འགུལ་སྐྱོད་བྱེད་དགོས།

 ༢.འཚོ་བཅུད་ལུགས་མཐུན་ལྡན་པའི་བཟའ་བཅའ་ཡང་སྤྱོད་དགོས། 

༣.ལུས་པོའི་ལྗིད་ཚད་ལ་དོ་སྣང་བྱེད་དགོས་ཏེ་ལྗིད་ཚད་ཚད་ལས་བརྒལ་བ་སྔོན་འགོག་བྱེད་པའང་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བར་ཕན།

 ༤.སེམས་ཁམས་ཚོད་འཛིན་གྱི་སེམས་ཤུགས་ཀྱང་ཧ་ཅང་གལ་ཆེ། 

༥.གཉིད་ཁུག་པའི་གནས་ཚུལ་དེ་གཅིན་སྙི་ཟགས་ཁུའི་ནད་ཀྱི་ཉེན་ཁ་དང་ཡང་འབྲེལ་བ་ཡོད།ཉིན་རེའི་ཆུ་ཚོད་23གྱི་གོང་མལ་ལ་ཉལ་བ་དང་སྐབས་འགར་ཐབས་ཟད་བྱུང་ན་ཆུ་ཚོད་2ལས་བརྒལ་མི་རུང་། ངལ་དུབ་ཀྱིས་ང་ཚོའི་དབང་རྩ་དང་ནང་གི་ཟགས་ཐོན་དང་རིམས་འགོག་མ་ལག་ལ་གནོད་པ་ཐེབས་པས་རྙིང་ཚབ་གསར་བྱེད་ཀྱི་གནད་དོན་ཡང་འབྱུང་སྲིད། 

༦.གཅིན་པ་མངར་འགྱུར་གྱི་ནད་ཀྱི་དཔེ་མཚོན་ནད་རྟགས་མེད་ནའང་།ངོས་འཛིན་མཐོར་འདེགས་དང་ལུས་ཁམས་བདེ་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། ལོ་རེར་བརྟག་དཔྱད་ཐེངས་རེ་བྱ་དགོས། དེའི་ཁོངས་སུ་ཁོག་སྟོང་ཁྲག་ཧྭགས་དང་ཟས་རྗེས་ཀྱི་ཆུ་ཚོད་2ཀྱི་ནང་དུ་ཁྲག་མངར་དང་། མངར་འགྱུར་སྤྲི་དཀར། ཁྲག་ཤེད། ལྗིད་ཚད། ཁྲག་ཞག་སོགས་འདུས་ཡོད། 

དགོས་ངེས་ཀྱི་སྐབས་སུ་ཁོང་བསྟེན་རྒུན་འབྲུམ་མངར་ཆའི་ཚད་ཚོད་ལྟ་(OGTT)བྱས་ནས་སྔ་མོར་ཤེས་རྟོགས་དང་། སྔ་མོར་བརྟག་དཔྱད། སྔ་མོར་སྨན་བཅོས་བྱེད་དགོས།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།