ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅིན་སྙི་ཟ་ཁུའི་ནད་ཉིན་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིང་སྔོན་མར་འཛམ་གླིང་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉིན་མོ་(World Diabetes Day' WDD)ཟེར་ཞིང་། འཛམ་གླིང་འཕྲོད་རྟེན་རྩ་འཛུགས་དང་རྒྱལ་སྤྱིའི་གཅིན་སྙི་ཟ་ཁུའི་ནད་མནའ་འབྲེལ་གྱིས་གོ་ལ་ཡོངས་ཀྱིས་གཅིན་སྙི་ཟ་ཁུའི་ནད་ལ་དོ་སྣང་དང་ཁག་ཁུར་བྱེད་ཆེད་1991ལོར་མཉམ་འབྲེལ་སྒོས་དབུ་བཙུགས་པ་ཞིག་ཡིན། 2006ལོའི་ལོ་མཇུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བྱུང་ནས་2007ལོ་ནས་བཟུང་“འཛམ་གླིང་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉིན་མོ་”དེའི་མིང་“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅིན་སྙི་ཟ་ཁུའི་ནད་ཉིན་མོ”ལ་བརྗེས་ཤིང་། ཆེད་ལས་ལས་དོན་དང་རིག་གཞུང་བྱེད་སྒོ་དེ་རྒྱལ་ཁབ་སོ་སོའི་ལས་དོན་བྱེད་སྒོ་རུ་མཐོར་འདེགས་བཏང་ནས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྤྱི་ཚོགས་རིགས་སོ་སོས་གཅིན་སྙི་ཟ་ཁུའི་ནད་ལ་ཚོད་འཛིན་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་གནོད་འཚེ་ཉུང་དུ་གཏོང་བར་སྐུལ་འདེད་བྱས།

世界糖尿病日

其前身是世界糖尿病日(World Diabetes Day' WDD),由世界卫生组织和国际糖尿病联盟于1991年共同发起的,其宗旨是引起全球对糖尿病的警觉和醒悟。2006年底联合国通过决议,从2007年起,将“世界糖尿病日”正式更名为“联合国糖尿病日”,将专家、学术行为上升为各国的政府行为,促使各国政府和社会各界加强对糖尿病的控制,减少糖尿病的危害。

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།