ཟླ་11ཚེས་14ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

སྤྱི་ཟླ་11ཚེས་14ཉིན། ལོ་ཧྲིལ་བོའི་ཉིན་318པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅིན་སྙི་ཟ་ཁུའི་ནད་ཉིན་མོ།

དོན་ཆེན་ཁག

སྤྱི་ལོའི་སྔོན་གྱི་207ལོར། ལིའུ་པང་གིས་ཆིན་རྒྱལ་རབས་ཀྱི་རྒྱལ་ས་ཞན་དབྱང་ལ་དཔུང་འཇུག་བྱས་ནས་ཆིན་རྒྱལ་རབས་བསྣུབས།

སྤྱི་ལོ་1854ལོར། ཕ་རི་སིའི་གནམ་རིག་སྡིངས་ཁང་གི་ལེ་ཝེ་ལེས་འཛམ་གླིང་ཐོག་གི་གནམ་གཤིས་དཔེ་རིས་དང་པོ་དེ་བཟོས།

སྤྱི་ལོ་1860ལོར། ཆིང་སྲིད་གཞུང་དང་ཨུ་རུ་སུ་ཡིས་《ཀྲུང་ཨུའི་པེ་ཅིན་ཆིངས་ཡིག་》བཞག

སྤྱི་ལོ་1918ལོར། ཅེ་ཁེ་སི་ལོ་ཧྥ་ཁེ་རང་བཙན་བྱས།

སྤྱི་ལོ་1971ལོར། ཨ་རིའི་བར་སྣང་འཚོལ་ཞིབ་སྲུང་སྐར་ཆུ་པ་9བ་རྟགས་ཅན་གྱིས་སྐར་མ་མིག་དམར་གྱི་འཁོར་ལམ་དུ་བསྐྱོད་དེ་སྐར་མ་མིག་དམར་ལ་བསྐོར་ནས་འཕུར་སྐྱོད་བྱེད་པའི་མིས་བཟོས་སྲུང་སྐར་དང་པོར་གྱུར།

སྤྱི་ལོ1987ལོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་པེ་ཅིན་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

སྤྱི་ལོ་1988ལོར། ཀྲུང་གོ་དང་ཨ་རིའི་རི་འཛེག་རུ་ཁག་གིས་ལྷོ་སྣེ་ཝུན་སེན་རི་བོ་ཞབས་ཀྱིས་བཏུལ།

སྤྱི་ལོ་1993ལོར། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་《སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུའི་གནད་དོན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》ལ་གྲོས་འཆམ་བྱུང་།

སྤྱི་ལོ་1994ལོར། ཀྲུང་གོ་ཚུད་པའི་རྒྱལ་ཁབ་100ལྷག་ཙམ་གྱིས་ཕ་རི་སིར་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་ཐང་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་སྤྱི་ཆིངས་》ལ་མིང་རྟགས་བཀོད་པ་རེད།

སྤྱི་ལོ་2001ལོར། དུས་ཚོད་17དང་སྐར་མ་26སྟེང་ཞིན་ཅང་དང་མཚོ་སྔོན་འབྲེལ་མཚམས་ཀྱི་ཁུ་ནུ་རི་བོར་ཚད་རིམ་8.1ཅན་གྱི་ས་ཡོམ(ཁུ་ནུ་རི་བོའི་ས་ཡོམ)བྱུང་།

སྤྱི་ལོ་2002ལོར། ཀྲུང་གུང་གི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཐོག་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་འཆར་ཟིན་)》སྐོར་གྱི་གྲོས་ཆོད་བྱུང་ཞིང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་བཅས་ཏང་གི་སྒྲིག་ཡིག་ནང་བཀོད་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།