ཟླ་10བའི་ཚེས་30ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

སྤྱི་ཟླ་10བའི་ཚེས་30ཉིན། ལོ་ཧྲིལ་བོའི་ཉིན་303པ།

དོན་ཆེན་ཁག

སྤྱི་ལོ་1905ལོར། ཨུ་རུ་སུའི་ཧྲ་ཧོང་གོང་མ་ཉི་ཀུའུ་ལཱ་སྐུ་ཕྲེང་གཉིས་པས་《ཟླ་བ་བཅུ་པའི་བསྒྲགས་གཏམ་》ཁྱབ་བསྒྲགས་བྱས་ཏེ། ཏུའུ་མ་གྲོས་ཚོགས་ཁྲིམས་འཛུགས་ལས་ཁུངས་སུ་གཏན་ལ་ཕབ།

སྤྱི་ལོ་1918ལོར། འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ཨའོ་སི་མན་བཙན་རྒྱལ་གྱི་མགོ་བཏགས།

སྤྱི་ལོ་1918ལོར། སི་ལོ་ཝ་ཁེ་ཡའི་ས་གནས་སོ་སོའི་འཐུས་མིས་མ་ཏིང་དུ་མི་རིགས་གྲོས་ཚོགས་བསྡུས་ཏེ། ཅེ་ཁེ་དང་ཟླ་སྒྲིལ་བྱས་ནས་རང་བཙན་ཡིན་པའི་ཅེ་ཁེ་སི་ལོ་ཝ་ཁེ་རུ་གྱུར་པ་ཁྱབ་བསྒྲགས་བྱས་པར་ལོ་རྒྱུས་ཐོག་“མ་ཏིང་གྲོས་ཚོགས་”ཞེས་འབོད།

སྤྱི་ལོ་1947ལོར། སྒོ་ཁྲལ་དང་ཉོ་ཚོང་སྤྱིའི་གྲོས་མཐུན (GATTའཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྔ་མིང་) དངོས་སུ་བཙུགས།

སྤྱི་ལོ་1960ལོར། དབྱིན་ཇིའི་སྨན་པ་མའེ་ཁེར·ཝུའུ་ཏེ་ལུའོ་ཧྥུའུ་ཡིས་འཛམ་གླིང་ཐོག་མཁལ་མ་བརྗེ་བའི་གཤག་བཅོས་ཐེངས་དང་པོར་བྱས།

སྤྱི་ལོ་1979ལོར། ཨ་མེ་རི་ཁའི་ཚན་རིག་པ་རྣམས་ཀྱིས་ཐོག་དང་པོར་སྐར་མའི་བར་གྱི་བར་སྟོང་གི་དངོས་པོར་རྒོལ་བའི་བཞུར་རྒྱུན་ལ་ཚད་འཇལ་ཐུབ་ཡོད།

སྤྱི་ལོ་1989ལོར། “རེ་བའི་ལས་གྲྭ་”འགོ་ཚུགས།

སྤྱི་ལོ་2010ལོར། 2010ལོའི་ཀྲུང་གོའི་ཧྲང་ཧའེ་འཛམ་གླིང་དངོས་མང་བཤམས་སྟོན་འདུ་ཚོགས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཅུས་ཀྱི་གཟི་བརྗིད་ཉིན་མོ།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།