ཟླ་10བའི་ཚེས་29ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

སྤྱི་ཟླ་10བའི་ཚེས་29ཉིན།  ལོ་ཧྲིལ་བོའི་ཉིན་302པ།

དོན་ཆེན་ཁག

སྤྱི་ལོ་1863ལོར། རྒྱལ་སྤྱིའི་རྒྱ་གྲམ་དམར་བོའི་ལྷན་ཚོགས་ཚུགས།

སྤྱི་ལོ་1888ལོར། སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་སྐོར་གྱི་《ཅུན་ཧྲི་ཐན་ཏིང་པའོ་སྤྱི་ཆིངས་》ལ་མིང་རྟགས་བཀོད།

སྤྱི་ལོ་1929ལོར། འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་ཆེན་པོ་བྱུང་།

སྤྱི་ལོ་1955ལོར། མའོ་ཙེ་ཏུང་གིས་སྒེར་གཉེར་བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱེད་པའི་གནད་དོན་བཤད།

སྤྱི་ལོ་1964ལོར། ཀྲུང་གོ་དང་ཙན་པི་ཡ་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་བཙུགས། ཙན་པི་ཡ་ནི་ཨ་ཧྥེ་རི་ཁ་གླིང་གི་ཤར་ལྷོའི་རྒྱུད་རྒྱལ་ཁབ་ཞིག་ཏེ་རྒྱལ་ས་ལུའུ་ས་ཁ་ཡིན།

སྤྱི་ལོ་1988ལོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་པེ་ཅིན་དུ་འཚོགས།

སྤྱི་ལོ་1990ལོར། སྐབས་གཉིས་པའི་འཛམ་གླིང་གནམ་གཤིས་ཚོགས་ཆེན་ཐོག《པུའུ་ཀྲང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ།

སྤྱི་ལོ་1993ལོར། འབྲི་ཆུའི་འགག་གསུམ་གྱི་འགག་རྩའི་ལས་གྲྭ་ལག་ལེན་བསྟར་རྒྱུའི་ཆོག་མཆན་ཐོབ་པ་རེད།

སྤྱི་ལོ་1999ལོར། 《ལི་ཏ་ཀྲའོ་ཡི་གསུང་རྩོམ་གཅེས་བསྡུས》པར་དུ་སྐྲུན་པ་དང་བློ་མཐུན་ལི་ཏ་ཀྲའོ་འཁྲུངས་ནས་ལོ་110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། 

སྤྱི་ལོ་2001ལོར། ཧུའུ་ཅིན་ཐའོ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་པུའུ་ལའེ་ཨེར་དང་གྲོས་མོལ་གནང་བ་རེད།

སྤྱི་ལོ་2002ལོར། མཚོ་བོད་ལྕགས་ལམ་གྱི་ཆིང་ཧྲུའེ་གཙང་ཆུའི་ཟམ་ཆེན་གྱི་ལས་གྲྭ་གཙོ་བོ་ལེགས་པར་འགྲུབ།

སྤྱི་ལོ་2007ལོར། Googleཀུང་སིས་ཀྲུང་གོར་ལོ་རྒྱུས་ཐོག་གི་ཆེས་ཐུང་བའི་དྲ་མིང་ཐོ་འགོད་བྱས།

སྤྱི་ལོ་2010ལོར། ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱིས་ཁོ་སི་ཐ་རི་ཁའི་རྒྱལ་ཁབ་འགྲེམས་ཁང་ཉིན་མོའི་བྱེད་སྒོ་སྤེལ་ཞིང་དེས་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་འགྲེམས་ཁང་གི་བྱེད་སྒོ་ཚང་མ་མཇུག་སྒྲིལ་བ་མཚོན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།