2019ལོའི་མཚོ་སྔོན་གྱི་རིག་གནས་དམངས་ཕན་གཱ་ལེན་པའི་འགྲོ་ལུགས་ཅི་ལྟར་སྒྲུབ་དགོས།

་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི2000བཏང་ནས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། སྦྲག་སྲིད་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། སྦྲེལ་འཕྲིན་ཞིང་ཆེན་ཡན་ལག་ཀུང་ཟི་བཅས་ཀྱིས་མཉམ་གཅིག་ཏུ་མཚོ་སྔོན་ཞིང་ཆེན་རིག་གནས་དམངས་ཕན་གཱ་ཟི་ལིང་ཚོད་ལྟའི་རྣམ་གྲངས་ལག་ལེན་དུ་བསྟར་བ་དང་། ཐོག་མའི་དུས་སྐབས་སུ་ཟི་ལིང་ས་ཁུལ་གྱི་གྲོང་མིར་རིག་གནས་དམངས་ཕན་གཱ་ཁྲི5སྤྲད་ནས་སྲིད་གཞུང་གིས་རིག་གནས་ཞབས་ཞུའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཏེ་རིག་གནས་ཡུལ་སྐོར་ཁྲོམ་ར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་སྤོས། 

    ཤེས་རྟོགས་བྱུང་བ་ལྟར་ན། རིག་གནས་དམངས་ཕན་གཱ་ནི་མཚོ་སྔོན་གྱི་རིག་གནས་བརྒྱུད་སྒྲོག་ཚད་ཡོད་འགན་ལེན་ཀུང་ཟི་རྩ་འཛུགས་ཀྱིས་དངོས་མིང་ངོས་འཛིན་བདེན་དཔང་གཱ་འགྲེམ་སྤེལ་བྱས་པ་དེ་མི་རང་ཉིད་ཀྱི་དངོས་མིང་ངོས་འཛིན་བདེན་དཔང་གཱ་ཡིན་ཏེ། གཡོར་ཐོ་མ་ཡིན་པའི་གཱ་ཡིན། རིག་གནས་དམངས་ཕན་གཱ་དང་མཚོ་སྔོན་རིག་གནས་དམངས་ཕན་གཱ་ཉོས་པའི་འཁྲབ་སྟོན་འཛིན་བྱང་སོགས་ཚང་མ་གཞན་ལ་བསྐོར་བའམ་ཕྱིར་འཚོང་དང་དངུལ་དམར་བླང་མི་ཆོག་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་སྤེལ་མི་ཆོག དམངས་ཕན་གཱའི་སྟེང་དངུལ་སྤྲད་རྗེས་དེ་བླང་མི་ཆོག་ལ་ཕྱིར་སློག་ཡང་མི་ཆོག དམངས་ཕན་གཱ་ཚང་མའི་ནང་དུ་མི་སྒེར་ནས་ལོ་རེར་སྒོར100སྤྲོད་དགོས་པ་དང་། དེ་དང་མཉམ་དུ་སྲིད་གཞུང་གི་ཁ་གསབ་སྒོར400ལོངས་སྤྱོད་བྱས་ཆོག གཱའི་ནང་གི་ཟློས་གར་ལ་ལྟ་བའི་སྒོར་གྲངས་སྤྱི་བསྡོམས་པས་ལོ་རེར་སྒོར500ཡོད་པ་རེད། 

མཚོ་སྔོན་རིག་གནས་དམངས་ཕན་གཱ་ལ་ཕན་པ་ཅི་ཞིག་ཡོད་དམ། 

རིག་གནས་དམངས་ཕན་གཱ་སྤྱོད་མཁན་གྱིས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཏན་འཁེལ་བྱས་པའི་རིག་རྩལ་ཁང་གི་ཚོགས་པའི་འཁྲབ་སྟོན་འཛིན་བྱང་ཉོ་སྐབས། ཟློས་གར་ལ་ལྟ་བའི་ཁ་གསབ་དངུལ་ལོངས་སྤྱོད་བྱས་ཆོག གཱའི་ནང་གི་ལྷག་གྲངས་ཀླད་ཀོར་ཡིན་སྐབས་གཱ་འཁྱེར་མཁན་གྱིས་ཚོགས་མིའི་ཐོབ་ཐང་ལ་བརྟེན་ནས་ཚེ་གང་བོར་དམངས་ཕན་འཁྲབ་སྟོན་འཛིན་བྱང་རིན་གོང་ཕབ་གཅོག་དམིགས་བསལ་ཁེ་ཕན་ལོངས་སུ་སྤྱད་ཆོག ཞིབ་ཕྲའི་ཕབ་གཅོག་དང་ཞིབ་ཕྲའི་ལས་གཞིའི་རྣམ་གྲངས་དེ་ཟློས་གར་ཁང་གིས་ཚད་གཞི་འཛིན་རྒྱུ་ཡིན། རིག་གནས་དམངས་ཕན་གཱ་སྤྱད་ནས་འཛིན་བྱང་ཉོ་མཁན་གྱིས་ཉོ་སྒྲུབ་ལེགས་གྲུབ་བྱུང་རྗེས་འཛིན་བྱང་ལེན་པའི་བརྒྱུད་རིམ་ཁྲོད། བརྡ་འཕྲིན་བསྐུར་ནས་འཛིན་བྱང་བླངས་ཆོག་པ་ལས་གཞན། ད་དུང་དམངས་ཕན་གཱ་དང་ཐོབ་ཐང་ལག་ཁྱེར་འཁྱེར་ནས་མི་དངོས་ཀྱིས་སྒྲུབ་པའི་བྱེད་ཐབས་ལ་བརྟེན་ནས་འཛིན་བྱང་བླངས་ཆོག་པ་མ་ཟད། རང་འགུལ་འཛིན་བྱང་དྲ་ཚིགས་ཐོག་གཱ་སྤྱད་དེ་འཛིན་བྱང་བླངས་ཆོག་གི་ཡོད་པ་རེད། འཛིན་བྱང་ལེན་ཐབས་ཀྱི་རྣམ་པ་སྣ་མང་ཅན་དུ་བསྒྱུར་བ་མ་ཟད་དེ་བས་སྟབས་བདེ་ཡོང་བར་བྱས་ཡོད། 

དེས་ན་མཚོ་སྔོན་གྱི་རིག་གནས་དམངས་ཕན་གཱ་ལེན་པའི་འགྲོ་ལུགས་ཅི་ལྟར་སྒྲུབ་དགོས་སམ། 

མཚོ་སྔོན་རིག་གནས་དམངས་ཕན་གཱ་ལེན་པར་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་འཁྱེར་ནས་གཱ་ལེན་པའི་སྒེའུ་ཁུང་དུ་སོང་ནས་འགྲོ་ལུགས་སྒྲུབ་དགོས་པ་དང་འབྲེལ། 《མཚོ་སྔོན་རིག་གནས་དམངས་ཕན་གཱ་ཕྱེ་བའི་ཁས་ལེན་ཡི་གེ》དང་སྒྲིག་ཡིག་སོགས་འབྲེལ་ཡོད་དཔྱད་གཞིར་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་ཁེ་དབང་དང་སྲོལ་ཡིག་ཁག་ལ་སྲུང་སྐྱོབ་དང་ལག་བསྟར་བྱེད་དགོས། སྒྲུབ་གཉེར་བྱ་ཡུལ་ནི་མཚོ་སྔོན་རིག་གནས་དམངས་ཕན་གཱ་ཞབས་ཞུའི་ལྟེ་གནས(མཚོ་སྔོན་རིག་གནས་ཐོག་ཁང་གི་གཅིག་ཐོག)སུ་ཡོད། སྐུ་མགྲོན་གྱིས་གཱ་ལེན་པའི་འགྲོ་ལུགས་སྒྲུབ་སྐབས་མི་སྒེར་གྱི་དངོས་མིང་དང་། ཐོབ་ཐང་ལག་འཁྱེར། ལག་འཁྱེར་ཁ་པར་གྱི་ཨང་གྲངས་བཅས་མཁོ་འདོན་བྱེད་དགོས་ལ། མི་རེར་རིག་གནས་དམངས་ཕན་གཱ་གཅིག་ལས་མེད། གལ་ཏེ་སྟབས་མི་བདེ་མཁན་གྱིས་མི་གཞན་ལ་མངགས་བཅོལ་བྱེད་ཚེ། ཐོབ་ཐང་ལག་འཁྱེར་དངོས་དང་དེ་བཞིན་ཁ་པར་ཨང་གྲངས་མཁོ་འདོན་བྱེད་དགོས། མི་རེས་གཱ་གཉིས་ལས་གཞན་གྱི་ཚབ་བྱས་ནས་བླངས་མི་ཆོག རིག་གནས་དམངས་ཕན་གཱ་ནི་ཚེ་གང་བོའི་བེད་སྤྱོད་གཱ་ཡིན་ཞིང་། བེད་སྤྱོད་གཏོང་ཐེངས་རེར་འཁྲབ་སྟོན་འཛིན་བྱང་གཅིག་རེ་ཉོ་རྒྱུ་ཚོད་འཛིན་བྱས་ཡོད་པ་དང་། རིག་གནས་དམངས་ཕན་གཱ་ནི་མིག་སྔར་དམངས་ཕན་འཁྲབ་སྟོན་རིགས་དབྱེའི་འོག་གི་འཁྲབ་ཚན་འཛིན་བྱང་ཉོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཆ་འཕྲིན་དེ་བས་མང་པོ་ཤེས་རྟོགས་བྱེད་འདོད་ན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་ནི0971-5166311ཡིན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།