ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10ཚེས་24ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10ཚེས་24ཉིན། ལོ་ཧྲིལ་བོའི་ཉིན་297པ།  

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ། 

འཛམ་གླིང་འཕེལ་རྒྱས་ཀྱི་ཆ་འཕྲིན་ཉིན་མོ།

དོན་ཆེན་ཁག

སྤྱི་ལོ་1360ལོར། 《པུ་ལེ་ཏིན་ཉི་ཞི་ཆིངས་ཡིག》བཞག་ནས་དབྱིན་ཇི་དང་ཧྥ་རན་སིའི་ལོ་བརྒྱའི་དམག་འཁྲུག་མཚམས་བཞག

སྤྱི་ལོ་1844ལོར། ཀྲུང་ཧྥའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་པོ་《ཧོང་ཕུའུ་ཆིངས་ཡིག་》བཞག

སྤྱི་ལོ་1923ལོར། ཀྲང་ཙུའོ་ལིན་གྱིས་བཙུགས་པའི་བྱང་ཤར་སློབ་ཆེན་དངོས་སུ་སློབ་འགོ་བརྩམས།

སྤྱི་ལོ་1940ལོར། ངལ་རྩོལ་ཚད་གཞིའི་བཅའ་ཁྲིམས་ཀྱི་ནུས་པ་བཏོན་ཏེ། གཟའ་འཁོར་རེར་ལས་ཡུན་ཆུ་ཚོད་བཞི་བཅུ་ཡིན་པའི་སྲོལ་ཨ་རི་ནས་བཙུགས།

སྤྱི་ལོ་1945ལོར། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་ནུས་པ་ཐོན།

སྤྱི་ལོ་1947ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཟླ་10ཚེས་24ཉིན་ནི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ”ཡིན་པར་གཏན་འབེབས་བྱས།

སྤྱི་ལོ་1964ལོ། ཀྲུང་གུང་ཀྲུང་དབྱང་གིས་《སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་གྱི་དབང་ཆ་འཕྲོག་རྩོད་ཀྱི་གནད་དོན་སྐོར་གྱི་མཛུབ་སྟོན》བཀྲམ།

སྤྱི་ལོ་1991ལོར། ཀྲའོ་ཀྲོའུ་ཟམ་པ་རྒྱལ་སྤྱིའི་ཨར་ལས་བཟོ་སྐྲུན་གྱི་ལམ་ཚད་རྡོ་རིང་ལ་བདམས།

སྤྱི་ལོ་2007ལོ། ཀྲུང་གོའི“ཟླ་བའི་ལྷ་མོ་ཨང་དང་པོ”ཟླ་སྐོར་འཚོལ་ཞིབ་སྲུང་སྐར་དེ་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས།

སྤྱི་ལོ་2008ལོ། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས་སྐབས་བདུན་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་2018ལོ། ཀང་ཀྲུའུ་ཨའོ་ཟམ་ཆེན་དུ་རླངས་འཁོར་དངོས་སུ་ཤར་གཏོང་བྱས།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།