ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10བའི་ཚེས་22ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10བའི་ཚེས་22ཉིན། ལོ་ཧྲིལ་བོའི་ཉིན་295པ།

འཛམ་གླིང་གི་སྲོལ་རྒྱུན་སྨན་ལས་དང་སྨན་བཅོས་ཉིན་མོ།

དོན་ཆེན་ཁག 

སྤྱི་ལོ་762ལོར། ཐང་རྒྱལ་རབས་ཀྱི་སྙན་ངག་པ་ལི་པེ་སྐུ་གཤེགས། (701ལོར་སྐུ་འཁྲུངས། )

སྤྱི་ལོ་1633ལོར། ཀྲུང་གོའི་མིང་རྒྱལ་རབས་ཀྱི་ཆུ་དམག་གིས་ཅིན་མོན་ཉེ་འགྲམ་གྱི་མཚོ་འཐབ་ཁྲོད་ཧོ་ལན་གྱི་ཧིན་རྡུ་ཤར་མའི་ཀུང་སིའི་དམག་གྲུ་རུ་ཁག་ཕམ་པར་བརྒྱབ།

སྤྱི་ལོ་1883ལོར། ཨ་མེ་རི་ཁའི་ཉིའུ་ཡུའེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཆེན་པོ་གླུ་གར་ཁང་གིས་འཁྲབ་སྟོན་ཐེངས་དང་པོ་བྱས།

སྤྱི་ལོ་1894ལོར། པེ་ཅིན་ཟློས་གར་གྱི་འཁྲབ་སྟོན་པ་གྲགས་ཅན་མེ་ལན་ཧྥང་སྐུ་འཁྲུངས།  (1961ལོའི་ཟླ་8ཚེས་8ཉིན་སྐུ་གཤེགས། )

སྤྱི་ལོ་1911ལོར། ཁྲང་ཧྲ་གསར་བརྗེ་ལེགས་འགྲུབ་བྱུང་།

སྤྱི་ལོ་1931ལོར། རྒྱལ་རབས་མཐའ་མའི་གོང་མའི་བཙུན་མོ་ཨེར་ཏེ་ཐི་·ཝུན་ཤིའུ་དང་གོང་མ་ཨའེ་ཞིན་ཅུའེ་ལོ་ཕུའུ་དབྱི་གཉིས་བཟའ་འཐོར་གྲོས་མོལ་བྱུང་བ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་“གོང་མའི་བཟའ་འཐོར་གྱོད་གཞི་”གཅིག་པུ་དེ་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས། 

སྤྱི་ལོ་1935ལོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས་དམར་དམག་སྒར་ཆེན་དང་པོའི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས།

སྤྱི་ལོ་1935ལོར། རང་རྒྱལ་གྱི་གསར་འགྱུར་ལས་རིགས་ཀྱི་སྔོན་བྱོན་པ་སྐུ་ཞབས་ཀོ་ཀུང་ཀྲེན་སྐུ་གཤེགས། (1890ལོར་སྐུ་འཁྲུངས།  )

སྤྱི་ལོ་1975ལོར། དབྱིན་ཇིའི་ལོ་རྒྱུས་མཁས་པ་ཐང་དབྱིན་པེ་སྐུ་གཤེགས།

སྤྱི་ལོ་1978ལོར། ཏེང་ཞའོ་ཕིང་འཇར་པན་དུ་འཚམས་འདྲིར་ཕེབས།

སྤྱི་ལོ་1988ལོར། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་1991ལོར། རྒྱལ་སྤྱིའི་སྲོལ་རྒྱུན་སྨན་ལས་དང་སྨན་བཅོས་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་ལོ་རེའི་ཟླ་10ཚེས་22ཉིན་འཛམ་གླིང་གི་སྲོལ་རྒྱུན་སྨན་ལས་དང་སྨན་བཅོས་ཉིན་མོར་གཏན་འབེབས་བྱས།

སྤྱི་ལོ་1994ལོར། ཀྲུང་གོའི་སྤྱི་སྤྱོད་ཨང་ཀིའི་གཞི་གྲངས་དྲ་བ་ཤར་གཏོང་བྱས།

སྤྱི་ལོ་2001ལོར། ཀྲུང་གོའི་རྐང་རྩེད་སྤོ་ལོའི་རྒྱན་ཤོག་དངོས་སུ་བཙོངས་པ་རེད།

སྤྱི་ལོ་2008ལོར། རྒྱ་གར་གྱིས་ཟླ་བའི་གོ་ལའི་འཚོལ་ཞིབ་ཡོ་བྱད་ཐོག་མ་སྟེ“ཟླ་བའི་གྲུ་གཟིངས་ཨང་དང་པོ”འཕེན་གཏོང་བྱས་པ་རེད།

སྤྱི་ལོ་2009ལོར། Windows7དངོས་གཞིའི་པར་གཞི་གོ་ལ་ཧྲིལ་པོའི་ཁྲོམ་རར་དུས་གཅིག་ཏུ་བཏོན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།