ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10བའི་ཚེས་21ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10བའི་ཚེས་21ཉིན། ལོ་ཧྲིལ་བོའི་ཉིན་294པ་།

དུས་ཆེན། ཕྱིར་སྡོད་རང་མིའི་དུས་ཆེན། 

རྒྱལ་གཅེས་ཕྱིར་སྡོད་རང་མི་གྲགས་ཅན་ཁྲེན་ཅ་ཀེན་སྐུ་འཁྲུངས་པའི་དྲན་གསོའི་ཉིན་མོ།

རྒྱལ་གཅེས་དམངས་གཙོའི་མི་སྣ་གྲགས་ཅན་ལི་ལིན་སི་སྐུ་གཤེགས་པའི་དྲན་གསོའི་ཉིན་མོ།

དོན་ཆེན་ཁག

སྤྱི་ལོ་1520ལོར། ཕུའུ་ཐའོ་ཡའི་མཚོ་འགྲུལ་པ་མའེ་ཀྲེ་ལུན་གྱི་གྲུ་གཟིངས་རུ་ཁག་གིས་ཨ་མེ་རི་ཁ་གླིང་ལྷོ་མ་ནས་མའེ་ཀྲེ་ལུན་མཚོ་འགག་རྙེད།

སྤྱི་ལོ་1797ལོར། ཨ་རིའི་མཚོ་དམག་གི་སྲུང་སྐྱེལ་དམག་གྲུ་སྔ་ཤོས་“རྩ་ཁྲིམས་རྟགས་”ཅན་པོ་ཧྲི་ཏུན་དུ་རྒྱ་མཚོར་ཞུགས།  

སྤྱི་ལོ1833ལོར། སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་དང་། བཟོ་བཀོད་པ། གསར་གཏོད་པ། དམག་དོན་བཟོ་ལས་སྒྲིག་ཆས་བཟོ་སྐྲུན་པ། འབར་རྫས་གསར་གཏོད་བྱེད་མཁན་ཨའར་ཧྥུ་ལེ་ཏེ་·པོ་ན་ཏེ་·ནོ་པེར་ (Alfred Bernhard Nobe) ཉིད་སྐུ་འཁྲུངས། ༼ཁོང་1896ལོར་སྐུ་གཤེགས།༽ 

སྤྱི་ལོ་1879ལོར། ཨ་མེ་རི་ཁའི་ཚན་རིག་པ་ཨེ་ཏེ་ཧྲིན་གྱིས་གློག་སྒྲོན་གསར་གཏོད་བྱས།

སྤྱི་ལོ་1894ལོར། འཇར་པན་གྱི་རིགས་འདེད་རྩོམ་པ་པོ་ཨེ་ཏོ་གཱ་བ་རན་པོ་(江户川乱步)སྐུ་འཁྲུངས། ༼1965ལོར་སྐུ་གཤེགས།༽

སྤྱི་ལོ་1896ལོར། 《ཀྲུང་ཨུའི་པེ་ཅིན་ཆིངས་ཡིག་གསར་པ་》ཞེས་པ་བཞག

སྤྱི་ལོ་1918ལོར། ཅེ་ཁེ་སི་ལོ་ཧྥ་ཁེས་རང་བཙན་ཁྱབ་བསྒྲགས་བྱས།

སྤྱི་ལོ་1928ལོར། ཐའེ་ཝན་གྱི་སྙན་ངག་པ་ཡུས་ཀོང་ཀྲུང་སྐུ་འཁྲུངས། ༼2017ལོར་སྐུ་གཤེགས།༽ 

སྤྱི་ལོ་1944ལོར། ཅང་ཅེ་ཧྲིས་ཤེས་ཡོན་ཅན་གྱི་གཞོན་ནུ་འབུམ་དམག་ལ་ཞུགས་པའི་ལས་འགུལ་སྤེལ།

སྤྱི་ལོ་1945ལོར། ཧྥ་རན་སིའི་བུད་མེད་ལ་འདེམས་བསྐོའི་དབང་ཆ་ཐོབ།

སྤྱི་ལོ1970ལོར། མིང་དུ་གྲགས་པའི་སློབ་གསོ་བ་དང་ཕྱི་འབྲེལ་མཁས་པ་ལི་ལིན་སི་ཧྲང་ཧེ་རུ་ཚེ་ལས་འདས།

སྤྱི་ལོ་1977ལོར། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ལས་དོན་ཚོགས་འདུ་འཚོགས།

སྤྱི་ལོ་1991ལོར། སུའུ་ལེན་གྱི་དབྱི་ཧུའེ་གྲོས་ཚོགས་གསར་བས་གྲོས་ཚོགས་ཐེངས་དང་པོ་འཚོགས།

སྤྱི་ལོ1995ལོར། ཅང་ཙེ་རྨིན་ཉིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་དམིགས་བསལ་དྲན་གསོའི་ཚོགས་འདུར་ཞུགས་ཤིང་མཉམ་འབྲེལ་རྒྱལ་ཚོགས་ལ་“དུས་རབས་ནོར་བུ”ཕུལ།

སྤྱི་ལོ་1997ལོར། ཀྲུང་གོ་དང་ཨ་རིས《ཀྲུང་གོའི་རིག་གནས་དང་ཤེས་རིག་》ཅེས་པའི་དཔེ་ཚོགས་ཆེ་གྲས་ཀྱི་བམ་པོ་དང་པོ་《ཀྲུང་གོའི་ལོ་ངོ་སུམ་སྟོང་གི་རི་མོ་》ཞེས་པ་པེ་ཅིན་དུ་འགྲེམས་སྤེལ་བྱས།

སྤྱི་ལོ་2001ལོར། ཅང་ཙེ་རྨིན་གྱིས་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་( APEC) ཀྱི་འགོ་ཁྲིད་པའི་དངོས་མིན་གྲོས་ཚོགས་ཐེངས་དགུ་པར་གཙོ་སྐྱོང་གནང་།

སྤྱི་ལོ་2007ལོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་རྒྱལ་ཁའི་ངང་གྲོལ་ཞིང་། ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཚུགས།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།