ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10བའི་ཚེས་18ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10བའི་ཚེས་18ཉིན།   ལོ་ཧྲིལ་བོའི་ཉིན་221པ།

འཛམ་གླིང་གི་ཆུར་ལྟ་ཞིབ་ཀྱི་ཉིན་མོ།

དོན་ཆེན་ཁག

སྤྱི་ལོ་1009ལོར། ཡེ་ལུའུ་ས་ལེམ་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁང་འཕགས་པའི་བང་སོའི་ཆོས་ཁང་དེ་དབྱི་སི་ལན་ཆོས་ལུགས་ལ་དད་པའི་ཧྥ་ཏི་མ་རྒྱལ་རབས་ཀྱིས་བཤིག

སྤྱི་ལོ་1860ལོར། 《ཐེན་ཅིན་ཆིངས་ཡིག་》ལ་མིང་རྟགས་བཀོད་པ་དང་ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པ་མཇུག་བསྒྲིལ།

སྤྱི་ལོ་1910ལོར། ཀྲུང་གོའི་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས།

སྤྱི་ལོ་1922ལོར། དབྱིན་ཇིའི་རྒྱལ་ཁབ་རླུང་འཕྲིན་ཀུང་སི་BBCདངོས་སུ་བཙུགས།

སྤྱི་ལོ་1931ལོར། ཨ་མེ་རི་ཁའི་གསར་གཏོད་པ་དང་ཁེ་ལས་པ་ཐོ་མ་སི་·ཨའེ་ཏི་ཧྲིན་སྐུ་བཤེགས།

སྤྱི་ལོ་1962ལོར། ཀྲུང་གོ་དང་ཝུའུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། ཝུ་ཀན་ཏ་ནི་ཧྥེ་གླིང་གི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་རྒྱལ་ས་ཁན་ཕ་ལ་ཡིན།

སྤྱི་ལོ་1983ལོར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་1989ལོར། ཨ་མེ་རི་ཁས་ཅ་ལི་ལུའེ་རྟགས་ཅན་གྱི་སྐར་མ་ཕུར་བུའི་འཚོལ་ཞིབ་འཕུར་གྲུ་འཕེན་གཏོང་བྱས།

སྤྱི་ལོ་1993ལོར། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིན་དུ་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས།

སྤྱི་ལོ་1995ལོར། གོ་ལ་ཧྲིལ་པོའི་དྲ་རྒྱའི་དངུལ་ཁང་ཐོག་མ་དེ་ཨ་རིར་ལས་གཉེར་བྱེད་འགོ་ཚུགས།

སྤྱི་ལོ་1995ལོར། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ནུབ་མཚམས་ཀྱི་ས་མཚམས་གྲོས་མཐུན་ལ་ཆོག་མཆན་བཀོད།

སྤྱི་ལོ་1996ལོར། འཇར་པན་གྱི་ལོ་རྒྱུས་མཁས་པ་གྲགས་ཅན་ཅིང་ཧྲང་ཆིང་གིས་ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོའི་མངའ་ཁོངས་ཡིན་པ་བསྐྱར་བསྒྲགས་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།