ཟླ10བའི་ཚེས17ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

སྤྱི་ཟླ10བའི་ཚེས17ཉིན། ལོ་ཧྲིལ་བོའི་ཉིན་290པ།

རྒྱལ་སྤྱིའི་དབུལ་སེལ་ཉིན་མོ།

དོན་ཆེན་ཁག 

སྤྱི་ལོའི་སྔོན་གྱི་538ལོར།  འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་དོན་གྲོས་གཞི་ཨང་དང་པོ་གཏན་འབེབས་བྱས།

སྤྱི་ལོ1662ལོར། དབྱིན་ཀེ་ལན་གྱི་རྒྱལ་པོ་ཁྲ་ལི་སྐུ་ཕྲེང་གཉིས་པས་དབྱིན་སྒོརཔང་ཁྲི་བཞི་བཅུའི་རིན་གོང་གིས་ཏུན་ཁེར་ཁེ་ཧྥ་རན་སེར་བཙོངས།

སྤྱི་ལོ་1831ལོར། དབྱིན་ཇིའི་ཚན་རིག་པ་ཧྥ་ལ་ཏིས་གློག་སྡུད་ལྟོས་འབྱུང་སྣང་ཚུལ་ཐོག་མར་ཤེས་རྟོགས་བྱུང་།

སྤྱི་ལོ་1862ལོར། ཆིང་སྲིད་གཞུང་གིས་ཧོང་ལུང་དར་རྒྱལ་དར་དུ་གཏན་འཁེལ་བྱས།

སྤྱི་ལོ1904ལོར། ཡན་ཧྥན་སུན་དང་ཀྲང་པོ་ལིང་གིས་ཐེན་ཅིན་གྲོང་ཁྱེར་ནན་ཁའེ་སློབ་འབྲིང་བཙུགས།

སྤྱི་ལོ་1932ལོར། ཅང་ཅེ་ཧྲིས་ཐབས་ཇུས་གསར་པ་སྤྱད་ནས་དམར་དམག་ལ་སྐོར་བཅོམ་བྱས།

སྤྱི་ལོ་1945ལོར། མའོ་ཙེ་ཏུང་གིས་《ཁྲུང་ཆིན་གྱི་གྲོས་མོལ་སྐོར་》ཞེས་པའི་རྩོམ་ཡིག་སྤེལ།

སྤྱི་ལོ1948ལོར། ཁྲང་ཁྲུན་ཞི་བས་བཅིངས་འགྲོལ་ཐོབ།

སྤྱི་ལོ་1963ལོར། ཤང་ཀང་རྒྱ་ཡིག་སློབ་ཆེན་དངོས་སུ་བཙུགས།

སྤྱི་ལོ་1968ལོར། འཇར་པན་གྱི་རྩོམ་པ་པོ་ཁྲོན་ཏོན་ཁང་ཁྲིན་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།

སྤྱི་ལོ་1975ལོར། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཐུས་མི་ཉེར་གསུམ་གྱིས་ཕ་ནཱ་མར་《ལ་ཏིང་མེ་གླིང་གི་དཔལ་འབྱོར་མ་ལག》འཛུགས་རྒྱུའི་《ཕ་ནཱ་མའི་གྲོས་མཐུན》ལ་མིང་རྟགས་བཀོད།

སྤྱི་ལོ1990ལོར། འཛམ་གླིང་ཐོག་གི་འཕྲིན་སྦྲེལ་དྲ་བའི་གཞི་གྲངས་དཔྱད་ཡིག་མཛོད་ཐོག་མ་དེ་ཨ་མེ་རི་ཁ་ནས་བཙུགས། བསྡུས་མིང་ལ་“IMDB”ཟེར།

སྤྱི་ལོ་2003ལོར། ལིན་ཀྲི་དབྱི་ཉིད་ཀྲུང་གོའི་རྒྱལ་སྤྱིའི་ན་གཞོན་ཕུལ་བྱུང་ཅན་དང་པོར་གྱུར།

སྤྱི་ལོ་2005ལོར། “ལྷ་གྲུ་དྲུག་པ་”ས་ཐོག་ཏུ་བབས།

སྤྱི་ལོ་2014ལོར། སྤྱི་ཟླ་10ཚེས་17ཉིན་རང་རྒྱལ་ཀྱི་“དབུལ་སྐྱོར་ཉིན་མོར”གཏན་འཁེལ་བྱས་པ་རེད།

སྤྱི་ལོ་2016ལོར། “ལྷ་གྲུ་བཅུ་གཅིག་པའི”མི་བཞུགས་འཕུར་གྲུ་ཆུ་ཚོད་7དང་སྐར་མ་30ཡི་ཐོག་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།