སྤྱི་ཟླ་10བའི་ཚེས་16ཉིན། ལོ་ཧྲིལ་བོའི་ཉིན་289པ།
དོན་ཆེན་ཁག
སྤྱི་ལོ་690ལོར། ཝུའུ་ཙེ་ཐེན་གྱིས་རྒྱལ་རྟགས་“ཐང་”ཞེས་པ་“ཀྲོའུ་”རུ་བསྒྱུར།
སྤྱི་ལོ་1813ལོར། ལའེ་པི་ཞིའི་གཡུལ་འགྱེད་དུ་ཧྥ་རན་སིའི་དམག་དཔུང་ཕམ་ཉེས་ཆེན་པོ་བྱུང་ཞིང་ན་ཕོ་ལུན་ལའེ་དབྱི་ཨིན་གཙང་པོའི་ནུབ་ངོགས་སུ་ཕམ།
སྤྱི་ལོ་1911ལོར། ཧུའུ་པེ་དམག་དོན་སྲིད་གཞུང་གི་ལས་ཁུངས་ཚགས་པར་《ཀྲུང་ཧྭ་མིན་གོའི་སྤྱི་བསྒྲགས》གསར་འདོན་བྱས།
སྤྱི་ལོ་1920ལོར། ཆུས་ཆིའུ་པའེ་ཡིས་པེ་ཅིན་གྱི་《ཞོགས་པའི་ཚགས་པར་》གྱི་གསར་འགོད་པའི་མིང་ཐོག་ནས་ཨུ་རུ་སུ་ལ་རྟོག་ཞིབ་གནང་བར་ཕེབས།
སྤྱི་ལོ་1937ལོར། ལིག་ཧྲའོ་ཆིས་《རི་འགོག་ངེས་མེད་རྒོལ་རྡུང་དམག་འཁྲུག་ཁྲོད་ཀྱི་གཞི་རྩའི་གནད་དོན་འགའ་》ཞེས་པ་སྤེལ།
སྤྱི་ལོ་1942ལོར། རྒྱ་མཚོའི་རླུང་འཚུབ་ཀྱིས་རྒྱ་གར་གྱི་བྷང་ག་ལ་མངའ་སྡེར་འཇིག་རྒོལ་བྱས་པ་ནས་མི་ཆིག་ཁྲི་ཆིག་སྟོང་རྐྱེན་ལམ་དུ་ཤོར།
སྤྱི་ལོ་1949ལོར། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། མོང་གོལ་ནི་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ཞིག་སྟེ་རྒྱལ་ས་ཝུའུ་ལན་པ་ཐུའུ་ཡིན།
སྤྱི་ལོ1953ལོར། ཀྲུང་གུང་ཀྲུང་དབྱང་གིས《འབྲུ་རིགས་འཆར་གཞི་ལྟར་ཉོ་སྒྲུབ་དང་འཆར་གཞི་ལྟར་མཁོ་སྤྲོད་བྱེད་པའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་།
སྤྱི་ལོ་1954ལོར། མའོ་ཙེ་ཏུང་གིས་《ཁང་ཆེན་དམར་པོའི་རྨི་ལམ་ལ་ཞིབ་འཇུག་བྱེད་པའི་གནད་དོན་སྐོར་གྱི་ཡི་གེ་》ཞེས་པ་སྤེལ།
སྤྱི་ལོ་1964ལོར། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དེ་ཞིན་ཅང་གི་ལོ་པུ་མཚོ་ཁར་འབར་གས་ལེགས་འགྲུབ་བྱུང་། དེ་ནི་ཀྲུང་གོས་ཉིང་རྡུལ་མཚོན་ཆ་ཚོད་ལྟ་ལེགས་འགྲུབ་བྱུང་ཐེངས་དང་པོ་དེ་རེད། དེ་དང་ཆབས་ཅིག་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོས་དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཐོག་མར་ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་བྱེད་ཅེས་གཟབ་ནན་ངང་ཁས་ལེན་བྱས།
སྤྱི་ལོ1968ལོར། 《མི་དམངས་ཉིན་རེའི་ཚགས་པར་》ཐོག་《དར་དམར་》ཞེས་པའི་དུས་དེབ་ཀྱི་ཆེད་བརྗོད་《འབྱོར་མེད་གྲལ་རིམ་གྱི་ཁྲག་རྒྱུན་གསར་པ་བསྡུ་ལེན་བྱ་དགོས་》ཞེས་པ་བརྒྱུད་འགོད་བྱས།
སྤྱི་ལོ་1982ལོར། ཀྲུང་གུང་ཀྲུང་དབྱང་གིས་《བློ་མཐུན་ཧི་ལུང་ལ་དཀར་འདོན་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་ཆོད་དོན་》བཀྲམ།
སྤྱི་ལོ1991ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་ཆན་ཞུའེ་སེན་ལ་“རྒྱལ་ཁབ་ཀྱི་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་ཚན་རིག་པ་”ཞེས་པའི་གཟི་བརྗིད་མཚན་སྙན་དང་དཔའ་བོ་དཔེ་བཟང་གི་བྱ་དགའ་རིམ་པ་དང་པོ་གནང་བ་དང་། ཁོང་གིས་མེས་རྒྱལ་གྱི་ཚན་རྩལ་བྱ་གཞག་གོང་དུ་སྤེལ་བར་མཛད་རྗེས་གཟེངས་སུ་ཐོན་པ་བཞག་པར་གཟེངས་བསྟོད་གནང་བ་རེད། བྱ་དགའ་སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས།
སྤྱི་ལོ་1999ལོར། གློག་བརྙན་《ངའི་ཨ་ཕ་ཨ་མ་》ཞེས་པ་བསྟན།
སྤྱི་ལོ་2003ལོར། ཀྲུང་གོའི་ཧྲིན་ཀྲོའུ་ལྔ་བ་རྟགས་ཅན་དེ་ནང་སོག་ཏུ་རྒྱལ་ཁའི་ངང་སར་བབས།
སྤྱི་ལོ2006ལོར། གསར་རྙེད་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་གནམ་གྲུ་དེ་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་ཁ་བྲལ།