ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10བའི་ཚེས་15ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10བའི་ཚེས་15ཉིན། ལོ་ཧྲིལ་བོའི་ཉིན་288པ་།

དོན་ཆེན་ཁག

སྤྱི་ལོ་1917ལོར། པེ་ཅིན་སློབ་ཆེན་གྱིས་རིག་ཚན་འདེམ་པའི་ལམ་ལུགས་ལག་བསྟར་བྱས།

སྤྱི་ལོ་1925ལོར། ཀྲེ་ཧྥེང་དམག་འཁྲུག་ལངས།

སྤྱི་ལོ་1947ལོར།  འཛམ་གླིང་གི་ཆེས་ཐོག་མའི་སྒྲའི་མྱུར་ཚད་ཀྱི་གནམ་གྲུ་སྟེ་རླུང་འབུད་གནམ་གྲུ་ཚོད་འཕུར་བྱས།

སྤྱི་ལོ་1948ལོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཅིན་ཀྲོའུ་བླངས།

སྤྱི་ལོ་1953ལོར། མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་པུའུ་ཡི་འགན་ཁུར་བ་དང་གླེང་མོལ་གནང།

སྤྱི་ལོ1957ལོར། ཀྲུང་གུང་ཀྲུང་དབྱང་གིས་གཡས་ཕྱོགས་པའི་དབྱེ་འབྱེད་ཚད་གཞི་གཏན་འབེབས་བྱས།

སྤྱི་ལོ་1964ལོར། ཝེའར་ཤུན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར།

སྤྱི་ལོ་1970ལོར། ཀྲུང་གོ་དང་ཁྲེ་ཏོ་ཀུའི་ནེ་ཡའི་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། ཁྲེ་ཏོ་ཀུའི་ནེ་ཡ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་དབུས་ནུབ་རྒྱུད་དུ་ཡོད་ལ་རྒྱལ་ས་མ་ལ་པོ་ཡིན།

སྤྱི་ལོ་1986ལོར། ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་མཁས་པ་ལི་ཡོན་ཀྲེ་ལ་ནོར་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

སྤྱི་ལོ་1993ལོར། མན་ཏེ་ལ་དང་ཏེ་ཁེ་ལེ་ཁེ་གཉིས་ལ་ནོར་པེར་ཞི་བདེའི་བྱ་དགའ་ཐོབ།

སྤྱི་ལོ་1997ལོར། ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་མཁས་པ་ཀྲུའུ་ཏི་ཝུན་ལ་ནོ་པེལ་དངོས་ལུགས་རིག་པའི་བྱ་དགའ་ཐོབ།

སྤྱི་ལོ་2003ལོར། ཀྲུང་གོ་རང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་ལྷ་གྲུ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་Fརྟགས་ཅན་གྱི་མེ་ཤུགས་འཕུར་མདས་འཕེན་གཏོང་ལེགས་གྲུབ་བྱུང་བ་དང་།ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་དེ་བདེ་བླག་ངང་བར་སྣང་དུ་བསྐྱལ།

སྤྱི་ལོ་2005ལོར། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་པའི་རྟེན་འབྲེལ་ཚོགས་ཆེན་ལྷ་སར་འཚོགས། 2006ལོའི་ཟླ་7ཚེས་1ཉིན་སྤྱོད་འགོ་ཚུགས་ཏེ་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

སྤྱི་ལོ་2008ལོར། ཀྲུང་གོའི་དྲ་སྦྲེལ་དང་ཀྲུང་གོའི་འབྲེལ་མཐུད་དངོས་སུ་ཟླ་སྒྲིལ་བཏང་ནས་“ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་ཚད་ཡོད་ཀུང་སི་”བཙུགས་པ་རེད།

སྤྱི་ལོ་2011ལོར། ཧྲན་ཏུང་སློབ་ཆེན་དུ་ལོ་110འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་འཚོགས་ཤིང་རིག་གནས་བརྗོད་དོན་གཙོ་བོར་བྱས་པ་དང་། གནམ་འོག་ཏུ་ཤེས་ལྡན་མི་སྣ་བསྡུས་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་བཏོན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།