ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་10བའི་ཚེས་14ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་10བའི་ཚེས་14ཉིན།  ལོ་ཧྲིལ་བོའི་ཉིན་287པ་།

དོན་ཆེན་ཁག

སྤྱི་ལོ་1806ལོར། ན་ཕོ་ལུན་སྐུ་ཕྲེང་དང་པོས་ཕུའུ་ལུའུ་ཧྲིའི་དམག་དཔུང་ཕམ་པར་བརྒྱབ།

སྤྱི་ལོ་1851ལོར། དབྱིན་ཇིའི་རེའུ་ཐེར་ཧྲེ(Reuters) དངོས་སུ་ལུན་ཏུན་དུ་ལས་གཉེར་བྱེད་འགོ་ཚུགས།

སྤྱི་ལོ་1902ལོར། ཅིང་ཧྲི་སློབ་གྲྭ་ཆེན་མོས་དངོས་སུ་སློབ་མ་བསྡུས།

སྤྱི་ལོ་1918ལོར། རང་རྒྱལ་གྱི་གསར་འགྱུར་ཞིབ་འཇུག་ལས་ཁུངས་དང་པོ་སྟེ་པེ་ཅིན་སློབ་གྲྭ་ཆེན་མོའི་གསར་འགྱུར་རིག་པའི་ཞིབ་འཇུག་ཚོགས་པ་བཙུགས།

སྤྱི་ལོ་1947ལོར། ཨ་རིའི་མཁའ་དམག་གི་ཧྲང་ཞའོ་ཁྲ་ཁེ·ཡེ་ཀེས་X-1ཚོད་ལྟའི་འཕྲུལ་ཆས་བཏང་སྟེ་སྒྲའི་བཀག་རྒྱ་ལས་བརྒལ་ནས་འཛམ་གླིང་ཐོག་ཆེས་ཐོག་མའི་སྒྲའི་འགྲོས་ཚད་ལས་བརྒལ་བའི་འཕུར་སྐྱོད་བྱས།

སྤྱི་ལོ་1949ལོར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀོང་ཀྲོའུ་བཅིངས་འགྲོལ་བཏང་བ།

སྤྱི་ལོ་1951ལོར། མེ་གླིང་དབུས་མའི་རྒྱལ་ཁབ་རྩ་འཛུགས་བཙུགས།

སྤྱི་ལོ་1979ལོར། ཀྲུང་གུང་ཀྲུང་དབྱང་གིས་《ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ཕྱོགས་ལས་འགན་》ཞེས་པར་ཆོག་མཆན་བཀོད་ནས་བརྒྱུད་སྤྲོད་བྱས།

སྤྱི་ལོ་1986ལོར། ཀྲུང་གོའི་འབྲི་ཆུའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་འབྲི་ཆུའི་བཞུར་རྒྱུད་ཧྲིལ་བོར་མྱུར་ཞིབ་བྱས།

སྤྱི་ལོ་2000ལོར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་སུ“རླངས་འཁོར་མེད་པའི་ཉིན་མོའི”བྱེད་སྒོ་ཐོག་མར་སྤེལ།

སྤྱི་ལོ་2004ལོར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུང་ཨུའི་རྒྱལ་མཚམས་ཤར་རྒྱུད་ཀྱི་ཁ་གསབ་གྲོས་མཐུན》ལ་མིང་རྟགས་བཀོད།

སྤྱི་ལོ་2011ལོར། ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་འཛམ་གླིང་ཐོག་གི་བང་རིམ་གཉིས་ལྡན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་དང་པོ་A380བསྡུ་ལེན་བྱས།

སྤྱི་ལོ་2013ལོར། སི་རི་ཡ་《རྫས་འགྱུར་མཚོན་ཆ་བཀག་འགོག་གི་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཏུ་གྱུར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།