ཟླ་10བའི་ཚེས་12ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

སྤྱི་ཟླ་10བའི་ཚེས་12ཉིན། ལོ་ཧྲིལ་བོའི་ཉིན་285པ་།

དོན་ཆེན་ཁག

སྤྱི་ལོ་1492ལོར། ཁོ་ལུན་པུའུ་ཡིས་ཨ་མེ་རི་ཁ་གླིང་གི་སྐམ་ས་ཆེན་པོ་རྙེད།

སྤྱི་ལོ་1885ལོར། ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས་ཐའེ་ཝན་སྲིད་གཞུང་དེ་སྲིད་ཞིང་དུ་བསྒྱུར་ནས་ལིའུ་མིང་ཀྲུན་ལ་ཐའེ་ཝན་གྱི་སྐོར་ཞིབ་དཔོན་དུ་བསྐོས།

སྤྱི་ལོ་1929ལོར། ཁྲུང་ཆིང་སློབ་ཆེན་བཙུགས།

སྤྱི་ལོ་1951ལོར། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》བམ་པོ་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས།

སྤྱི་ལོ་1980ལོར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་གྱིས་《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད་(ཟིན་བྲིས་)》ལ་གྲོས་བསྡུར་བྱ་རྒྱུའི་བརྡ་ཐོ་བཏང་བ་རེད།

སྤྱི་ལོ་1983ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྲིད་ཧྲེ་སོ་སོར་ཕྱེ་ནས་ཞང་སྲིད་གཞུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་།

སྤྱི་ལོ་1986ལོར། དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་ཕེབས། དེ་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་གཙོ་བདག་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་རེད།

སྤྱི་ལོ་1992ལོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་1996ལོར། སྐབས་ལྔ་བའི་ཀྲུང་གོའི་གློག་བརྙན་དུས་ཆེན་མགོ་བརྩམས།

སྤྱི་ལོ་1996ལོར། སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་དེ་ཧྲང་ཧེ་རུ་འཚོགས།

སྤྱི་ལོ་1998ལོར། ཀྲུང་གུང་སྐབས་བཅོ་ལྔ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་1999ལོར། “མི་གྲངས་དུང་ཕྱུར་60ཡི་ཉིན་མོ་”སྟེ།འཛམ་གླིང་གི་མི་གྲངས་བསྡོམས་འབོར་དུང་ཕྱུར་60ཟིན།

སྤྱི་ལོ་2001ལོར། རང་རྒྱལ་གྱི་ཆུ་འབྲས་གཞི་རྒྱུའི་ཚོགས་པའི་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། “ལས་ཀའི་གཞི་སྒྲོམ་རི་མོ་”དང་གཞི་གྲངས་མཛོད་ལེགས་འགྲུབ་བྱུང་།

སྤྱི་ལོ་2003ལོར། ཀྲུང་གོའི་མྱུར་བགྲོད་འགྲུལ་སྐྱེལ་ཆེད་ལམ་དང་པོ་ཆིན་ཧྲེན་འགྲུལ་སྐྱེལ་ཆེད་ལམ་དངོས་སུ་ཤར་གཏོང་ཐུབ།

སྤྱི་ལོ་2005ལོར། ཀྲུང་གོས་རང་བརྟེན་ཞིབ་འཇུག་གིས་གསར་བཟོ་བྱས་པའི་ལྷ་གྲུ་དྲུག་པ་མི་བཞུགས་འཕུར་གྲུ་ཆུ་ཚོད་དགུ་པར་ལེགས་གྲུབ་ངང་འཕེན་གཏོང་བྱས་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།