ཀྲུང་གོ་བོད་ཀྱི་དྲ་བ།

ཟླ10བའི་ཚེས11ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ10བའི་ཚེས11ཉིན།    ལོ་ཧྲིལ་བོའི་ཉིན284པ།

དོན་ཆེན་ཁག

སྤྱི་ལོ་1038ལོར།  ལི་ཡོན་ཧའོ་གོང་མར་བསྡད་ཅིང་། རྒྱལ་རྟགས་ཏཱ་ཞ་ཞེས་པའི་ཞི་ཞ་རྒྱབ་རབས་བཙུགས།

སྤྱི་ལོ་1852ལོར། ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་རིང་ཤོས་ཀྱི་སློབ་ཆེན་ཤིས་ཉི་སློབ་ཆེན་དེ་ཤིས་ཉི་རུ་བཙུགས།

སྤྱི་ལོ་1864ལོར།  མར་ཁེ་སིས་འགོ་ཁྲིད་གནང་བའི་རྒྱལ་སྤྱིའི་རྩ་འཛུགས་དང་པོ་སྟེ་“རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་”ཞེས་པ་དེ་ལུན་ཏུན་དུ་བཙུགས།

སྤྱི་ལོ་1911ལོར། ཧུའུ་པེ་དམག་དོན་སྲིད་གཞུང་བཙུགས། གསར་བརྗེའི་ཏང་མིས་ལི་ཡོན་ཧུང་ལ་བཀའ་ཕབ་ནས་སྤྱི་ཁྱབ་ཀྱི་འགན་ཁུར། ཀྲང་ཐིང་ཧྥུ་དང་ཚའེ་ཅི་རྨིན་སོགས་ཀྱིས་ཇུས་འདོན་ས་བྱས་ཏེ་དམག་སྲིད་བྱ་བར་འཆར་འགོད་བྱས། “ཤོན་ཐུང་”ཞེས་པའི་ལོ་ཨང་མེད་པ་བཟོས་ནས། རྒྱལ་ཁབ་ཀྱི་མིང་“ཀྲུང་ཧྭ་མིན་གོ་”ཞེས་པར་བསྒྱུར།

སྤྱི་ལོ་1935ལོར། ལ་ཏིང་མེ་གླིང་གི་རྒྱལ་ཁབ་དག་གིས་《ལི་དབྱེ་རེ་ནེ་ལུའུ་ཕན་ཚུན་བཙན་འཛུལ་མི་བྱེད་པའི་ཆིངས་ཡིག་》ལ་མིང་རྟགས་བཀོད།

སྤྱི་ལོ་1957ལོར། འཛམ་གླིང་ཐོག་ཆེས་ཆེ་བའི་རྒྱང་ཤེལ་དབྱིན་ཇི་ནས་འགྲུབ།

སྤྱི་ལོ་1964ལོར། ཧོ་ལུའུ་ཞའོ་ཧྥུ་སྲིད་ནས་ལྷུང་།

སྤྱི་ལོ1968ལོར། ཨ་མེ་རི་ཁའི་རྒྱལ་ཁབ་མཁའ་སྐྱོད་འཕུར་སྐྱོད་ཅུས་ཀྱི་ཨ་པོ་ལོ་ཨང་7པ་མཁའ་དབྱིངས་སུ་བཏང་། 

སྤྱི་ལོ་1972ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་པེ་ཅིན་དུ་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད།

སྤྱི་ལོ་1978ལོར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་པེ་ཅིན་དུ་འཚོགས།

སྤྱི་ལོ1978ལོར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་གླིང་བཙུགས།

སྤྱི་ལོ་1983ལོར། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས།

སྤྱི་ལོ1989ལོར། ལི་ཕེང་གིས་ཁ་བྱང་ལ་《དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་ངོས་འཛིན་ཡང་དག་པ་བྱས་ཏེ་བཅོས་སྐྱོང་དག་ཐེར་སྔར་ལས་ལྷག་པར་བྱ་དགོས་》ཞེས་པའི་གསུང་བཤད་གནང་བ་རེད།

སྤྱི་ལོ་1989ལོར། ཕོ་བྲང་པོ་ཏ་ལའི་ཉམས་གསོའི་ལས་གཞིའི་ལས་འགོ་ཚུགས།

སྤྱི་ལོ་1995ལོར། ཀྲུང་གོ་དངུལ་ཁང་གིས་ཨའོ་མོན་སྒོར་གྱི་ཤོག་སྒོར་འགྲེམས་སྤེལ་བྱ་རྒྱུ་ཐག་བཅད།

སྤྱི་ལོ་1998ལོར། རང་རྒྱལ་“ཡོང་འབབ་འབྲིང་བའི་རྒྱལ་ཁབ་”ཀྱི་གྲས་སུ་ཚུད།

སྤྱི་ལོ2002ལོར། ཀྲུང་གོ་མཁའ་འགྲུལ་ཚོགས་པ་ཀུང་སི་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཚོགས་པ་ཀུང་སི། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཚོགས་པ་ཀུང་སི། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཆ་འཕྲིན་ཚོགས་པ་ཀུང་སི། ཀྲུང་གོ་མཁའ་འགྲུལ་སྣུམ་རྒྱུ་ཚོགས་པ་ཀུང་སི། ཀྲུང་གོ་མཁའ་འགྲུལ་ཡོ་བྱད་ཕྱིར་གཏོང་ནང་འདྲེན་ཚོགས་པ་ཀུང་སི་བཅས་བཙུགས་པ་ཁྱབ་བསྒྲགས་བྱས།

སྤྱི་ལོ་2003ལོར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་2007ལོར། སྐབས་བཅུ་གཉིས་པའི་འཛམ་གླིང་དབྱར་དུས་ཀྱི་དམིགས་བསལ་ཨོ་ལུས་རྩེད་ཚོགས་མཇུག་སྒྲིལ།

སྤྱི་ལོ་2012ལོར། མོ་ཡན་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ་དང་ཁོང་ནི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྩོམ་པ་པོ་ཨང་དང་པོ་དེ་རེད།

སྤྱི་ལོ2013ལོར། རྫས་འགྱུར་མཚོན་ཆ་འགོག་པའི་རྩ་འཛུགས་ལ་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།