ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་29ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་29ཉིན། ལོ་ཧྲིལ་བོའི་ཉིན་272པ།

དོན་གལ་ཆེན། རྒྱལ་སྤྱིའི་ལོ་ཙཱ་བའི་ཉིན་མོ།

དོན་ཆེན་ཁག

སྤྱི་ལོ་1364ལོར། ལོ་བརྒྱའི་དམག་འཁྲུག་གི་སྐབས་སུ། དབྱིན་ཇིའི་དམག་དཔུང་གིས་ཡོ་ལའེ་གཡུལ་འགྱེད་ཁྲོད་ཧྥ་རན་སིའི་དམག་དཔུང་ཕམ་པར་རྒྱབ།

སྤྱི་ལོ་1567ལོར། ཧྥ་རན་སིའི་ཆོས་པ་གསར་པ་དང་ཁྲའ་ལི་སྐུ་ཕྲེང་དགུ་པའི་བར་ཆོས་ལུགས་ཀྱི་དམག་འཁྲུག་ཐེངས་གཉིས་པ་བསླངས།

སྤྱི་ལོ1708ལོར། དབྱིན་ཇིའི་ཧིན་རྡུ་ཤར་མའི་ཀུང་སི་དང་ཧིན་རྡུ་གསར་བའི་ཀུང་སི་ཟླ་སྒྲིལ་བཏང་།

སྤྱི་ལོ་1915ལོར། རྒྱ་ཡིག་ལྕགས་པར་འཕྲུལ་ཆས་ལ་གསར་གཏོད་བདག་དབང་རག

སྤྱི་ལོ་1927ལོར།  སན་ཝན་བཅོས་སྒྲིག་བྱེད་འགོ་བརྩམས།

སྤྱི་ལོ1941ལོར། སུའུ་མེ་དབྱིན་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་མོ་སི་ཁོའི་གྲོས་ཚོགས་འཚོགས།

སྤྱི་ལོ་1954ལོར། ཧོ་ལུའུ་ཞའོ་ཧྥུ་ཀྲུང་གོར་འཚམས་འདྲིར་ཕེབས།

སྤྱི་ལོ1957ལོར། ཀྲུང་གོ་གསར་བའི་གནམ་རིག་ཁང་དང་པོ་བཙུགས།

སྤྱི་ལོ་1972ལོར། ཀྲུང་གོ་དང་འཇར་པན་བར་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས།

སྤྱི་ལོ་1980ལོར། གསར་བརྗེར་ངོ་རྒོལ་བྱེད་མཁན་ལིན་པིའོ་དང་ཅང་ཆིང་ཚོགས་ཁག་ལ་ཡོངས་བསྒྲགས་སུ་འདྲི་གཅོད་བྱས།

སྤྱི་ལོ1987ལོར། ལུང་ཡང་འགག་གློག་ཁང་གི་འཕྲུལ་ཚན་དང་པོ་དྲ་སྦྲེལ་གློག་གཏོང་བྱས།

སྤྱི་ལོ1994ལོར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧེ་ཏི་ས་ཆའི་བཀག་སྡོམ་མེད་པར་བཟོ་རྒྱུའི་ཐག་བཅད།

སྤྱི་ལོ་2011ལོར། ཀྲུང་གོས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ། “རྒྱང་སྐྱོད་ཨང་གཉིས་པའི་F”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཐོག་ནས་ཀྲུང་གོས་གསར་དུ་ཞིབ་བཟོ་བྱས་པའི་དམིགས་ཚད་འཕུར་སྐྱོད་འཕྲུལ་ཆས་ཐོག་མ་སྟེ“སུམ་རྩེན་ཨང་དང་པོ”མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

སྤྱི་ལོ་2016ལོར། ཀྲུང་གོའི་རིག་དངོས་རིག་གཞུང་སློབ་ཚོགས་དང་ཀྲུང་གོ་བཟོ་སྐྲུན་སློབ་ཚོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི“ཀྲུང་གོའི་དུས་རབས་20པའི་བཟོ་སྐྲུན་ཤུལ་བཞག་སྐོར་དང་པོའི”མིང་གཞུང་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།