ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་27ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་27ཉིན། ལོ་ཧྲིལ་བོའི་ཉིན་270པ་། 

དོན་གལ་ཆེན། འཛམ་གླིང་ཡུལ་སྐོར་ཉིན་མོ། 

དོན་ཆེན་ཁག

སྤྱི་ལོ་1540ལོར། ཡེ་ཤུ་ཆོས་ཚོགས་ཞེས་པ་རྗེས་འཇུག་པའི་ཚོགས་པ་ཞིག་གི་ངོས་ནས་ཆོས་ཀྱི་གོང་མས་དངོས་སུ་ཆོག་མཆན་བཀོད།

སྤྱི་ལོ་1787ལོར། ཨ་མེ་རི་ཁའི་རྩ་ཁྲིམས་དེ་མངའ་སྡེ་ཁག་ལ་ཐག་གཅོད་རྒྱུར་ཕུལ་བ་རེད།

སྤྱི་ལོ་1821ལོར། མོ་ཞི་ཁོ་ཡིས་སི་ཕེན་གྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ།

སྤྱི་ལོ་1825ལོར། རླངས་ཤུགས་མེ་འཁོར་གྱི་ལམ་ཐིག་དང་པོ་དེ་དབྱིན་ཇི་ནས་ལས་གཉེར་བྱེད་འགོ་བརྩམས།

སྤྱི་ལོ་1913ལོར། སུན་ཀྲུང་ཧྲན་གྱིས་ཀྲུང་ཧྭ་གསར་བརྗེའི་ཏང་བཙུགས།

སྤྱི་ལོ་1928ལོར། ཀྲུང་ཧྭ་མིན་གོའི་སྲིད་གཞུང་ལ་ཨ་རིའི་སྲིད་གཞུང་གིས་དངོས་སུ་ཁས་བླངས།

སྤྱི་ལོ་1939ལོར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ། པོ་ལན་གྱིས་བཙན་འཛུལ་མཁན་ནཱ་ཛི་འཇར་མན་དང་སུའུ་ལེན་གྱི་དམག་དཔུང་ལ་མགོ་བཏགས།

སྤྱི་ལོ་1960ལོར། ཨ་རིའི་ཙུང་ཐུང་འདེམས་བསྐོ་བརྙན་འཕྲིན་རྩོད་གླེང་ཐེངས་དང་པོར་སྤེལ།

སྤྱི་ལོ1979ལོར། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ཐེངས་གསུམ་པའི་འཐུས་མི་ཚོགས་ཆེན་གྱིས་ཉིན་དེ་འཛམ་གླིང་ཡུལ་སྐོར་ཉིན་མོར་གཏན་འཁེལ་བྱས།

སྤྱི་ལོ1987ལོར། རྒྱལ་ཁབ་བདུན་གྱི་ཚོགས་པའི(G7)ནོར་སྲིད་པུའུ་ཀྲང་ཐོག་མར་འཕྲད།

སྤྱི་ལོ་1988ལོར། ཀྲུང་གོས་རང་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་འཕུར་མདའ་དང་ཉིང་རྡུལ་ཆུར་འཛུལ་དམག་གྲུ་དེ་ཆུ་འོག་ནས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕེན་གཏོང་ལེགས་འགྲུབ་བྱུང་།

སྤྱི་ལོ་1991ལོར། འཛམ་གླིང་ནགས་ཚལ་ཚོགས་ཆེན་ཐོག་《པ་ལིའི་གསལ་བསྒྲགས་》ལ་གྲོས་འཆམ་བྱུང་།

སྤྱི་ལོ་2003ལོར། ཡོ་རོབ་འཕུར་སྐྱོད་ཅུའུ་ཡིས་SMART-1ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྲུང་སྐར་འཕེན་གཏོང་བྱས།

སྤྱི་ལོ་2005ལོར། ཙུང་ཐུང་མུའུ་པ་ལ་ཁེ་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་དང་པོའི་འགན་ཁུར་བར་དམ་བཅའ་བཞག་ཅིང་། འགན་འཁུར་ཡུན་ལོ་དྲུག་ཡིན།

སྤྱི་ལོ་2007ལོར། ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་གྱི་རེས་སྐོར་དྲུག་པའི་ཕྱོགས་དྲུག་གི་གྲོས་མོལ་གྱི་དུས་མཚམས་གཉིས་པའི་ཚོགས་འདུ་དེ་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འགོ་ཚུགས།

སྤྱི་ལོ་2008ལོར། པེ་ཅིན་གྱི་དུས་ཚོད་16:41ནས་17:00བར། ཧྲིན་ཀྲོའུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་གིས་རྒྱལ་ཁའི་ངང་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་མཁའ་དབྱིངས་འགྲོ་སྐྱོད་ཐེངས་དང་པོ་ལེགས་འགྲུབ་བྱུང་ཞིང་། དེས་ཀྲུང་གོ་ཉིད་ཨ་རི་དང་སུའུ་ལེན་གྱི་རྗེས་སུ་བར་སྣང་ནས་ཕྱིར་བུད་པའི་ལག་རྩལ་ཁོང་དུ་ཆུད་པའི་རྒྱལ་ཁབ་གསུམ་པ་ཡིན་པ་མཚོན། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།