ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་25ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་25ཉིན། ལོ་ཧྲིལ་བོའི་ཉིན་268པ།

དོན་ཆེན་ཁག

སྤྱི་ལོ་1066ལོར་། དབྱིན་ཀེ་ལན་གྱི་རྒྱལ་པོ་ཧ་ལོ་ཏེ་སྐུ་ཕྲེང་གཉིས་པས་ནོར་ཝེའི་དམག་དཔུང་ཕམ་པར་བརྒྱབ་པ་དང་། ཝེ་ཅིང་བས་དབྱིན་ཀེ་ལན་ལ་དབང་སྒྱུར་བྱེད་པ་མཇུག་བསྒྲིལ།

སྤྱི་ལོ་1513ལོར། སི་ཕེན་བ་ཝ་སི་ཁེ་·ནུའུ་ཉེ་སི་·པའར་པོ་ལགས་ཀྱིས་པ་ན་མ་ས་འགག་བརྒལ་ནས་ཞི་བདེ་རྒྱ་མཚོ་གསར་རྙེད་བྱུང་།

སྤྱི་ལོ་1789ལོར། ཨ་མེ་རི་ཁའི་རྩ་ཁྲིམས་དག་བཅོས་འཆར་ཟིན་12བཏོན་པ་དང་། དེའི་ནང་གི་དོན་ཚན་རྗེས་མ་བཅུ་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་གྲོས་འཆམ་བྱུང་། དེར་ལོ་རྒྱུས་ཐོག་ཨ་མེ་རི་ཁའི་དབང་ཆའི་ཁྲིམས་དོན་གྲོས་གཞི་ཞེས་འབོད།

སྤྱི་ལོ་1883ལོར། ཨུ་རུ་སུའི་ངལ་རྩོལ་བཅིངས་འགྲོལ་ཚོགས་པ་བཙུགས།

སྤྱི་ལོ་1911ལོར། ཉེ་རབས་ཀྱི་གསར་བརྗེ་མཁན་དང་མནའ་མཐུན་ཚོགས་པའི་ཚོགས་མི་ཝུའུ་ཡུང་ཧྲན་དང་ཝང་ཐེན་ཅེ་སོགས་ཀྱིས་པའོ་ལུའུ་བློ་མཐུན་དམག་དཔུང་ཁྲིད་དེ་སི་ཁྲོན་རུང་རྫོང་དུ་འོས་ལངས་བྱས་ནས་གསར་བརྗེའི་སྲིད་དབང་བཙུགས།

སྤྱི་ལོ་1924ལོར། ཧང་ཀྲོའུ་ལེ་ཧྥུང་མཆོད་རྟེན་ཉིལ།

སྤྱི་ལོ་1933ལོར། ཅང་ཅེ་ཧྲིས་སུའུ་ཁུལ་དུ་“སྐོར་བཅོམ”ཐེངས་ལྔ་བ་བྱས།

སྤྱི་ལོ་1937ལོར། པ་ལུའུ་ཅུན་གྱི་ཧྲི་ཤོག་བརྒྱ་དང་བཅོ་ལྔ་པས་ཕིན་ཞིན་ཀོན་འགག་སྒོར་རྒྱལ་ཁ་ཆེན་པོ་བླངས། དེ་ནི་རི་འགོག་དམག་འཁྲུག་ལངས་པ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་དམག་དཔུང་གི་རྒྱལ་ཁ་ཆེན་པོ་ཐེངས་དང་པོ་ཡིན།

སྤྱི་ལོ་1941ལོར། “ལང་ཡ་རི་བོའི་དཔའ་བོ་ལྔ”གཡང་གཟར་ནས་མཆོངས་པར། མི་གསུམ་སྐུ་གཤེགས་ཤིང་གཞན་གཉིས་པོ་གསོན་ཐུབ་པ་བྱུང་།

སྤྱི་ལོ་1945ལོར། འཇར་པན་གྱི་གནམ་བསྐོས་གོང་མས་དམག་སྤྱི་མའེ་ཁི་ཨ་སེ་ལ་ཐུག་འཕྲད་བྱས།

སྤྱི་ལོ་1949ལོར། སྔོན་གྱི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་རྒྱལ་དམངས་སྲིད་གཞུང་གི་ནུབ་བྱང་དམག་སྲིད་གཞུང་ལས་ཁང་གི་འགོ་འཛིན་གཞོན་པ་དང་། ཞིན་ཅང་ཞིང་ཆེན་གྱི་ཉེན་ཟོན་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་ཐའོ་ཀྲི་ཡུའེ་ཡིས་འོས་ལངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས།

སྤྱི་ལོ་1952ལོར། རང་རྒྱལ་གྱི་བཟོ་སྐྲུན་བྱས་པའི་ཆན་ཝ་སུམ་སྟོང་གི་ཆུ་ཤུགས་གློག་འདོན་འཕྲུལ་ཆས་དེ་བྱང་ཤར་གློག་ཆས་བཟོ་གྲྭ་ནས་ལེགས་འགྲུབ་བྱུང་།

སྤྱི་ལོ་1959ལོར། རང་རྒྱལ་གྱི་རྡོ་སྣུམ་རྩད་ཞིབ་བཟོ་བས་བྱང་ཤར་གྱི་སུང་ལུའོ་གཤོང་སའི་སྐམ་སའི་དིམ་བསགས་ཁྲོད་དུ་བཟོ་ལས་རང་བཞིན་གྱི་སྣུམ་གྱི་བཞུར་རྒྱུན་རྙེད། ལོ་འཁོར་བཅུའི་རྒྱལ་སྟོན་ལ་ཉེ་བའི་དབང་གིས་སྣུམ་ཞིང་ལ“ཏ་ཆིང་སྣུམ་གཏེར”ཞེས་མིང་བཏགས།

སྤྱི་ལོ་1972ལོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཐེན་ཀྲུང་ཅའོ་རུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས།

སྤྱི་ལོ་1973ལོར། ཨ་རིའི་བར་སྣང་ཚོད་ལྟ་ཁང་སྟེ་“མཁའ་དབྱིངས་ཚོད་ལྟ་ཁང་2པ་”ཞེས་པའི་མི་གསུམ་འཕུར་སྐྱོད་ཚོ་ཆུང་གིས་སའི་གོ་ལའི་འཁོར་ལམ་དུ་འཕུར་སྐྱོད་ཉིན་59བྱས་རྗེས། ཞི་བདེ་རྒྱ་མཚོའི་ཐོག་བདེ་འཇགས་ངང་བབས་ནས་སྐབས་དེའི་འཛམ་གླིང་གི་ཟིན་ཐོ་བསྐྲུན།

སྤྱི་ལོ་1980ལོར། ཀྲུང་གུང་ཀྲུང་དབྱང་གིས་《རང་རྒྱལ་གྱི་མི་འབོར་འཕར་བར་ཚོད་འཛིན་བྱེད་པའི་གནད་དོན་སྐོར་གྱི་གུང་ཁྲན་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཡོངས་ལ་སྤྲིངས་པའི་ཡོངས་བསྒྲགས་ཡི་གེ》སྤེལ་ཞིང་ཁྱོ་ཤུག་གཉིས་ཀྱིས་ཕྲུ་གུ་གཅིག་ལས་མི་བཙའ་བར་འབོད་སྐུལ་བྱས།

སྤྱི་ལོ་1984ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་རྒྱུའི་ཆོག་མཆན་གནང་། དེ་ནི་ཀྲུང་གོའི་མཚོ་རྒྱུད་ཀྱི་སྒོ་ཕྱེ་བའི་གྲོང་ཁྱེར་14ཡི་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་བཙུགས་པའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་པོ་རེད།

སྤྱི་ལོ་1986ལོར། ཧྲེན་དབྱང་འབར་གས་འགོག་ཆས་བཟོ་གྲྭ་ཧྲིལ་བོ་ཕྱིར་བཙོངས་བྱས་ཤིང་། དེ་ནི་ཀྲུང་གོའི་མ་རྩ་བརྡིབས་ནས་སྒོ་རྒྱག་པའི་ཁེ་ལས་ཐོག་མར་གྱུར། 

སྤྱི་ལོ་1987ལོར། ཞང་ཀང་རླུང་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་ཐོག་ཁང་དངོས་སུ་སྤྱོད་འགོ་ཚུགས།

སྤྱི་ལོ་1991ལོར། 《ལྡེམ》ཞེས་པའི་མུ་འབྲེལ་དཔེ་དེབ་《ཧའོ་སི་ཅ》ཞེས་པ་དཔེ་སྐྲུན་བྱས།

སྤྱི་ལོ་1992ལོར། ཨ་མེ་རི་ཁས་སྐར་མ་མིག་དམར་ལ་ལྟ་ཞིབ་བྱེད་པའི་འཚོལ་ཞིབ་ཡོ་བྱད་འཕེན་གཏོང་བྱས།

སྤྱི་ལོ་1993ལོར། ཅིང་ཅིན་ཐང་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་བྱས།

སྤྱི་ལོ་2000ལོར། ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དབྱིན་ཡིག་རྒྱལ་སྤྱིའི་འཕྲིན་ལམ་གྱི་འཁོར་སྐར་འཕེན་གཏོང་བྱས་ཏེ་འཁོར་སྐར་བརྙན་འཕྲིན་དུ་གྱུར།

སྤྱི་ལོ་2009ལོར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དངུལ་རྩའི་དབུ་ཚོགས་ཐེངས་གསུམ་པ་ཕིས་ཙི་པའོ་རུ་གྲོལ་བ་དང་། ཚོགས་ཞུགས་འགོ་ཁྲིད་དབར་དངུལ་རྩའི་མ་ལག་སྒྱུར་བཅོས་སོགས་གནད་དོན་རབ་དང་རིམ་པའི་ཐད་ཐུན་མོང་གི་ངོས་འཛིན་གྲུབ་ཅིང་《འགོ་ཁྲིད་པའི་གསལ་བསྒྲགས》སྤེལ།

སྤྱི་ལོ་2013ལོར། མགྱོགས་གྲུ་ཨང་དང་པོ་དེ་པེ་ཅིང་གི་དུས་ཚོད་2013ལོའི་ཟླ་9ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་37ཐོག་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས།

སྤྱི་ལོ་2013ལོར། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཟླ་བའི་ལྷ་མོ་ཨང་གསུམ་པའི་ཟླ་བའི་གོ་ལའི་འཁོར་ལོའི་ལྐོག་གྱུར་གྱི་ཡོལ་རས་ཕྱེས་པ་དང་གོ་ལ་ཧྲིལ་པོར་ཕྱོགས་ནས་མིང་བསྡུ་རུབ་བྱས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།