ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་24ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་24ཉིན། ལོ་ཧྲིལ་བོའི་ཉིན་267པ།

དོན་ཆེན་ཁག

སྤྱི་ལོ་622ལོར། དབྱི་སི་ལན་ཆོས་ལུགས་གསར་གཏོད་མཁན་མོ་ཧན་མོ་ཏེས་མའེ་ཅ་ཡི་ཆོས་ལུགས་ཀྱི་གནོད་འཚེ་ལས་གཡོལ་ཆེད། དད་ལྡན་མང་ཚོགས་ཁྲིད་དེ་མའེ་ཏི་ན་རུ་སྤོས་པ་རེད།

སྤྱི་ལོ་1529ལོར། ཨའོ་སི་མན་བཙན་རྒྱལ་དམག་དཔུང་གིས་ཝི་ཨེན་ནཱའི་མཐའ་བསྐོར།

སྤྱི་ལོ་1550ལོར། མིན་ཧྲི་ཙུང་གི་སྐབས་སུ། ཨན་ཏ་ཧན་གྱིས་དམག་ཁྲིད་དེ་ཀུའུ་པེ་ཁོའུ་ལ་དཔུང་འཇུག་བྱས་ནས་པེ་ཅིན་མཁར་གྱི་འདབས་སུ་སླེབས། སྐབས་དེར་ཡན་སུང་གིས་སྲིད་བསྐྱངས་པས། དམག་དཔོན་རྣམས་ལ་ཕར་རྒོལ་བྱེད་མི་ཆོག་པར་ཨན་ཏ་ཧན་གྱི་དམག་གིས་འཕྲོག་བཅོམ་བྱས་རྗེས་རང་འགུལ་གྱིས་ཕྱིར་འཐེན་བྱེད་པར་སྒུག  ལོ་རྒྱུས་ཐོག་དེ་ལ“ལྕགས་ཕོ་ཁྱི་ལོའི་དུས་འགྱུར”ཟེར།

སྤྱི་ལོ་1901ལོར། ཆིང་སྲིད་གཞུང་དང་འཇའ་པན་བར་དུ་འཇའ་པན་གྱི་ཁྲོང་ཆིང་བཙན་གཡར་ས་ཆའི་གྲོས་ཆིངས་བཞག་ཅིང་། དུས་ཡུན་ལོ་30ཡིན།

སྤྱི་ལོ་1909ལོར། ཀྲུང་གོའི་བཟོ་སྐྲུན་པ་ཀྲན་ཐེན་ཡིའུ་རང་གིས་ཇུས་འགོད་བྱས་ནས་བསྐྲུན་པའི་ཅིང་ཀྲང་ལྕགས་ལམ་ལ་མེ་འཁོར་ཤར་གཏོང་བྱས།  

སྤྱི་ལོ་1911ལོར། གསར་བརྗེའི་ཚོགས་པའི་རྩོམ་རིག་ཁང་དང་མཉམ་སྐྱོད་ཚོགས་པས་མཉམ་འབྲེལ་ཚོགས་ཆེན་འཚོགས་ཏེ། འོས་ལངས་ཀྱི་འཆར་གཞི་ལ་གྲོས་བྱས་ཤིང་འོས་ལངས་ཀྱི་འགོ་ཁྲིད་ལས་ཁུངས་རྩ་འཛུགས་བྱས་ཤིང་། ཅང་དབྱི་ཝུའུ་སྤྱི་ཁྱབ་བཀོད་འདོམས་པ་དང་། སུན་ཝུའུ་གྲོས་འདོན་པར་བསྐོས། ཟླ་10བའི་ཚེས་10ལ་ཝུའུ་ཁྲང་འོས་ལངས་བསླངས།

སྤྱི་ལོ་1920ལོར། ཡ་མེ་ཉི་ཡ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐུར་ཁེ་ལ་དམག་བརྡ་བཏང་བས་ཐུའུ་ཡ་དམག་འཁྲུག་ལངས།

སྤྱི་ལོ་1930ལོར། ཀྲུང་གུང་ཀྲུང་དབྱང་གིས་ཧྲང་ཧའེ་རུ་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས། ཆུས་ཆིའུ་པའེ་དང་ཀྲོའུ་ཨེན་ལའེ་ཡིས་འགོ་འཛིན་འོག ལི་ལི་སན་གྱི་“གཡོན་”ལྷུང་ནོར་འཁྲུལ་གྱིས་ཏང་ནང་གི་དབང་སྒྱུར་མཇུག་སྒྲིལ།

སྤྱི་ལོ་1931ལོར། “དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བྱུང་རྗེས། ཧྲང་ཧའེ་ཡི་གྲུ་ཁའི་བཟོ་པ་སུམ་ཁྲི་ལྔ་སྟོང་གིས་འཇར་པན་ལ་ངོ་རྒོལ་བྱེད་པའི་ལས་མཚམས་ཆེན་པོ་བཞག་སྟེ། ཅང་ཅེ་ཧྲིའི་གོ་མིན་ཏང་གི་འགོག་རྒོལ་མི་བྱེད་པའི་རིང་ལུགས་ལ་ངོ་རྒོལ་བྱས་ཤིང་འཇར་འགོག་བྱ་རྒྱུའི་རེ་བ་བཏོན།

སྤྱི་ལོ་1935ལོར། འཇར་པན་གྱིས་ཧྭ་བྱང་རང་སྐྱོང་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས།

སྤྱི་ལོ་1941ལོར། དབྱིན་ཇི་དང་སུའུ་ལེན་སོགས་རྒྱལ་ཁབ་15ཡིས་ལོན་ཏོན་དུ་《ནུབ་རྒྱ་མཚོ་ཆེན་པོའི་རྩ་ཁྲིམས་》ལ་གྲོས་བསྡུར་བྱེད་པའི་མནའ་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཚོགས།

སྤྱི་ལོ་1945ལོར། འཇའ་པན་དམག་འཁྲུག་གི་ཉེས་ཅན་ཏུང་ཐིའོ་དབྱིན་ཅི་ཡིས་རང་སྲོག་བཅད་ཀྱང་མ་ཆོད།

སྤྱི་ལོ་1946ལོར། ཅི་ལིན་སློབ་ཆེན་གྱི་སྔ་རིས་བྱང་ཤར་སྲིད་འཛིན་སློབ་གླིང་ཧའར་པིན་ནས་བཙུགས།

སྤྱི་ལོ་1948ལོར། མི་དམངས་བཅིངས་འགྲོལ་དམག་ཧྭ་ཤར་བྱེས་འཐབ་དམག་སྡེས་བསླངས་པའི་ཅི་ནན་གཡུལ་འགྱེད་རྒྱལ་ཁའི་ངང་མཇུག་སྒྲིལ། ཅི་ནན་བཅིངས་འགྲོལ་བྱས།

སྤྱི་ལོ་1956ལོར། ཀྲུང་གོ་དང་ཡེ་མེན་རྒྱལ་ཁབ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆེད་དུ་ཕན་ཚུན་ལ་གཞུང་ཚབ་པ་བཏང་ནས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་བ་རེད།

སྤྱི་ལོ་1959ལོར། མི་དམངས་ཚོགས་ཁང་ཆེན་མོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

སྤྱི་ལོ་1960ལོར། འཛམ་གླིང་ཐོག་ཉིང་རྡུལ་སྒུལ་ཤུགས་ཀྱི་གནམ་གྲུའི་གྲུ་གཟིངས་ཨང་དང་པོ་ཁེ་ལས་རྟགས་ཅན་ཨ་མེ་རི་ཁ་ནས་མཚོ་ཐོག་ཏུ་བསྐྱོད།

སྤྱི་ལོ་1968ལོར། སི་ཝེ་ཧྲེ་ལན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས།

སྤྱི་ལོ་1968ལོར། སྙན་ངག་པ་ཀོ་ལུའུ་ཧྲེང་གིས《མ་འོངས་པར་ཡིད་ཆེས་བྱེད》ཅེས་པ་བྲིས།

སྤྱི་ལོ་1971ལོར། དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་དབྱིན་ཇིར་བཅའ་སྡོད་བྱེད་པའི་སུའུ་ལེན་གྱི་ཕྱི་འབྲེལ་མི་སྣ་105ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས། རྒྱུ་མཚན་ནི་སུའུ་ལེན་གྱི་མི་སྣ་དེ་དག་གིས་དབྱིན་ཇིར་གསང་མྱུལ་གྱི་བྱེད་སྒོ་སྤེལ་གྱི་ཡོད་པས་རེད།

སྤྱི་ལོ་1982ལོར། ཏེང་ཞའོ་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལྕམ་མོ་ས་ཆེ་ཨེར་དང་མཇལ་འཕྲད་གནང་ནས་ཀྲུང་གོ་སྲིད་གཞུང་གིས་ཤང་ཀང་གི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་རྒྱས་བཤད་གནང་བ་རེད། 《ང་ཚོས་ཞང་ཀང་གི་གནད་དོན་ལ་འཛིན་པའི་གཞི་རྩའི་ལངས་ཕྱོགས་》ཞེས་པའི་གཏམ་བཤད་གལ་ཆེན་དེ་1993ལོའི་ཟླ་9ཚེས་23ཉིན་ཞིན་ཧྭ་གསར་འགྱུར་ཁང་གིས་ཆ་ཚང་སྤེལ་ཡོད།

སྤྱི་ལོ་1985ལོར། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་དུ་འཚོགས།

སྤྱི་ལོ་1988ལོར། ཨང་ཅི་དང་། ཏིང་ཝུའུ། ཨང་ཧྲན་སུའུ་ཅི་བཅས་ཀྱིས་འབར་མའི་སྲིད་ཏང་གི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་བཙུགས།

སྤྱི་ལོ་1993ལོར། ཁམ་ཕུ་ཁྲེ་ཡིས་རྒྱལ་པོའི་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ་1994ལོར། ཨ་མེ་རི་ཁས་ཐེངས་དང་བོར་ཁུང་འབྲུག་གཞི་རྒྱུའི་རྒྱུ་ཆ་བླངས་པ་རེད།

སྤྱི་ལོ་2002ལོར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་《གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་གྱི་བློ་འདྲིའི་ཡིག་ཆ་》ཁྱབ་བསྒྲགས་བྱས་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་པ་དོན་འཁྱོལ་བྱེད་འགོ་བརྩམས།

སྤྱི་ལོ་2003ལོར། འཇར་པན་དམངས་གཙོ་ཏང་དང་འཇའ་པན་རང་དབང་ཏང་གཉིས་མཉམ་སྒྲིལ་བྱས།

སྤྱི་ལོ་2005ལོར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་རན་གྱིས་《ཉིང་རྡུལ་མཚོན་ཆ་ཁྱབ་གདལ་མི་གཏོང་པའི་ཆིངས་ཡིག》གི་འོས་འགན་མི་སྒྲུབ་པ་ངོས་འཛིན་བྱས་པ་རེད།

སྤྱི་ལོ་2006ལོར། ཁུང་ཙེའི་པར་བརྙན་གྱི་ཚད་གཞི་ཁྱབ་བསྒྲགས་བྱས།

སྤྱི་ལོ་2008ལོར། མ་ཧྲེན་ཐེ་ལང་འཇའ་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས།

སྤྱི་ལོ་2009ལོར། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དངུལ་རྩའི་དབུ་ཚོགས་དེ་ཨ་མེ་རི་ཁའི་ཕི་ཙི་པའོ་རུ་འཚོགས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།