ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9ཚེས་23ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9ཚེས་23ཉིན། ལོ་ཧྲིལ་བོའི་ཉིན266པ།

དོན་ཆེན་ཁག

སྤྱི་ལོ་1459ལོར། དབྱིན་ཇིའི་རྒྱ་སེ་མེ་ཏོག་དམག་འཁྲུག་སྟེ་པུའུ་ལོ་ཞི་སིའི་གཡུལ་འགྱེད་མཇུག་སྒྲིལ། དབྱིན་གེ་ལན་ཡུའེ་ཁུ་ཁྱིམ་རྒྱུད་ཀྱི་དམག་དཔུང་གིས་པུའུ་ལོ་ཞི་སིའི་གཡུལ་འགྱེད་ཁྲོད་ལན་ཁའེ་སི་ཐེ་ཁྱིམ་རྒྱུད་ཀྱི་དམག་དཔུང་ཕམ་པར་རྒྱབ།

སྤྱི་ལོ་1831ལོར། ཧྥ་ལ་ཏི་ཡིས་གློག་འདོན་འཕྲུལ་འཁོར་གསར་གཏོད་བྱས།

སྤྱི་ལོ་1846ལོར། འཇར་མན་གྱི་གནམ་དཔྱད་རིག་པ་བ་ཡུའེ་ཧན་·ཀེ་ཧྥུ་ལི་ཨེན·ཅ་ལེ་ཡིས་སྐར་མ་མཚོ་རྒྱལ་རྙེད། 

སྤྱི་ལོ་1913ལོར། ཧྥ་རན་སིའི་འཕུར་སྐྱོད་པ་རོ་ལན་ཅ་ལུའོ་སིས་ཆུ་ཚོད་བདུན་དང་སྐར་མ་ང་གསུམ་གྱི་རིང་ཧྥ་རན་སེ་ནས་ཐུའུ་ནའི་སིར་འཕུར། དེས་མིའི་རིགས་ཀྱིས་ཐེངས་དང་པོར་ས་དབུས་རྒྱ་མཚོར་འཕུར་བའི་ཟིན་ཐོ་བཏོད་ཡོད།

སྤྱི་ལོ་1930ལོར། པེ་ཕིན་རྒྱལ་དམངས་སྲིད་གཞུང་གིས་རྒྱལ་ས་ཐའེ་ཡོན་དུ་སྤོས།

སྤྱི་ལོ་1932ལོར། སཱ་ཏི་ཨ་རབ་ཀྱི་རང་བཙན་བྱས།

སྤྱི་ལོ་1937ལོར། ཅང་ཅེ་ཧྲིས་གོ་གུང་མཉམ་ལས་སྐོར་གྱི་གཏམ་བཤད་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་མཐུན་གནས་བབ་ཁས་བླངས། གོ་གུང་མཉམ་ལས་ཐེངས་གཉིས་པ་རྨང་གཞི་བྱས་པའི་མི་རིགས་འཐབ་ཕྱོགས་གཅིག་གྱུར་དངོས་སུ་ཆགས།

སྤྱི་ལོ་1939ལོར། ཨོ་སི་ཁྲི་རི་ཡ་སེམས་ཁམས་དབྱེ་ཞིབ་མཁས་པ་ཞི་ཀོ་མེང་ཏེ·ཧྥུ་ལོ་དབྱི་ཏེ་ཡིས་སྒེར་གྱི་སྨན་པའི་རོགས་རམ་འོག་བདེ་བར་འཆི་ཐབས་ལག་བསྟར་བྱས།

སྤྱི་ལོ་1946ལོར། རང་དམག་གིས་“མི་དམངས་བཅིངས་འགྲོལ་དམག་”གི་མཚན་སྙན་སྤྱོད་འགོ་བརྩམས།

སྤྱི་ལོ་1949ལོར། སུའུ་ལེན་གྱིས་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་བཟོ་ལེགས་འགྲུབ་བྱུང་ནས་འཛམ་གླིང་ཐོག་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་གཉིས་པར་གྱུར།

སྤྱི་ལོ་1953ལོར། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་དོན་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་པེ་ཅིན་དུ་འཚོགས། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་འཚོགས་པའི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཐེངས་དང་པོ་ཡིན་ཞིང་། ཚོགས་འདུའི་ཐོག“ཀྲུང་ཧྭ་རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས”ཞེས་པ་དེ“ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས”ཞེས་པར་མིང་བསྒྱུར། 

སྤྱི་ལོ་1969ལོར། ཀྲུང་གོས་ཐེངས་དང་པོར་ས་འོག་གི་ཉིང་རྡུལ་ཚོད་ལྟ་ལེགས་འགྲུབ་བྱུང་།

སྤྱི་ལོ་1983ལོར། པེ་ཅིན་དཔེ་མཛོད་ཁང་གི་རྨང་འདིང་མཛད་སྒོ་སྤེལ།

སྤྱི་ལོ་1993ལོར། ཏེང་ཞའོ་ཕིང་གིས་ཞང་ཀང་གི་གནད་དོན་སྐོར་གྱི་གཏམ་བཤད་སྤེལ།

སྤྱི་ལོ་1996ལོར། ཐན་ཏུན་ལ་ཁཱ་ན་ཏའི“ཀེ་ལན་-ཀུའོ་ཏེ”རྒྱལ་སྤྱིའི་རོལ་དབྱངས་བྱ་དགའ་ཆེན་མོ་ཐོབ།

སྤྱི་ལོ་1997ལོར། སྐབས་དང་པོའི་རྒྱལ་ཡོངས་ཀྱི“བཟང་པོ་ལྔའི་ཡ་རབས་ཁྱིམ་ཚང་”བརྒྱ་དང་རྒྱལ་ཡོངས་ཀྱི“བཟང་པོ་ལྔའི་དཔལ་ཡོན་ཁྱིམ་ཚང་དཔེ་བཟང་ཅན”10་ལ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟེངས་བསྟོད་བྱ་དགའ་གནང་།  

སྤྱི་ལོ་1997ལོར། རྩིས་འཁོར་“སྔོ་ནག”་མིག་མངས་ཀྱི་ལས་རིགས་དང་གྱེས།

སྤྱི་ལོ་2001ལོར། ཨའོ་མོན་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་ཉིན་མོ།

སྤྱི་ལོ་2007ལོར། ཧྥུ་ཐེན་ཁང་ཧྥུ་འཇར་པན་གྱི་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་22པར་བདམས་ཐོན་བྱུང་ནས་དབུ་བཞུགས་བློན་ཆེན་གྱི་འགན་བཞེས།

སྤྱི་ལོ་2012ལོར། ཀྲུང་གོའི་གནམ་ཐང་གྲུ་གཟིངས་ཐོག་མ་དེ་མཚོ་དམག་ལ་སྤྲད་པ།

སྤྱི་ལོ་2013ལོར། ཀྲུང་གོ་ཚན་རིག་ཁང་ཚད་འཇལ་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་འབུམ་རམས་པ་ཧའོ་ཞའོ་ཀོང་གིས་གཙོ་སྒྲིག་བྱས་པའི་《འཛམ་གླིང་ས་བབ་ས་བཀྲ》གཞུང་པར་དེ་ཐོན།  

སྤྱི་ལོ་2018ལོར། ཀོང་ཀྲོའུ་ཧྲེན་ཀྲེན་ཤང་ཀང་བཅས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤང་ཀང་གི་ལམ་མཚམས་ཤར་གཏོང་བྱུང་བ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།