ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9བའི་ཚེས་20ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9པའི་ཚེས་20ཉིན། ལོ་ཧྲིལ་བོའི་ཉིན263པ།

དུས་ཆེན། རྒྱལ་ཡོངས་ཀྱི་སོར་གཅེས་པའི་ཉིན་མོ།

དོན་ཆེན་ཁག

སྤྱི་ལོའི་སྔོན་གྱི་480ལོར། གྷི་རི་སེའི་མིས་ཨེ་ཆིན་ཧའེ་རྒྱ་མཚོའི་ས་ལ་སྨི་མཚོ་འཁྲུག་ཁྲོད་པོ་སི་མི་ཕམ་པར་རྒྱབ་ཅིང་། ཨེ་ཆིན་ཧའེ་རྒྱ་མཚོའི་སྟེང་གི་རྒྱལ་ཁབ་སྟོབས་ཆེན་གྱི་གོ་གནས་གཏན་འཁེལ་བྱས། འདི་ཡང་ཞི་པོ་དམག་འཁྲུག་ཁྲོད་གྷི་རི་སིའི་མིས་འགོག་སྲུང་ནས་ཕར་རྒོལ་ལ་བསྒྱུར་བའི་དཀྱོགས་མཚམས་ཡིན།

སྤྱི་ལོ383ལོར། ཆིན་སྔོན་མའི་ཧྥུ་ཅན་གྱིས་རྟ་དམག་ཁྲི་27དང་། དམག་མི་ཁྲི་60ཁྲང་ཨན་ནས་བཏང་སྟེ། འཐབ་ཐེངས་གཅིག་གིས་ཏུང་ཅིན་རྩ་མེད་དུ་བཏང་སྟེ་གཅིག་གྱུར་བྱེད་བསམ་ཡང་། ཕྱིས་སུ་ཅིན་གྱིས་རྒོལ་ལན་སློག་ནས་“ཧྥེ་ཧྲོས་འཁྲུག་ཆེན་”བསླངས།

སྤྱི་ལོ་1519ལོར། ཕོར་ཐུ་གལ་གྱི་མཚོ་འགྲུལ་བ་མའེ་ཀྲེ་ལུན་གྱིས་ཞི་པན་ཡའི་རྒྱལ་པོའི་རྒྱབ་སྐྱོར་འོག་གཡོར་གྲུ་ལྔ་དང་གྲུ་བ་265ཁྲིད་དེ། ཞི་པན་ཡའི་སང་ལུའུ་ཁར་གྲུ་ཁ་ནས་ལམ་ལ་ཆས་ཏེ། སའི་གོ་ལར་བསྐོར་བའི་འགྲུལ་སྐྱོད་བྱེད་འགོ་བརྩམས་ཤིང་། ཤར་ཧིན་རྡུ་གླིང་ཚོམ་དུ་སྐྱོད་པའི་ནུབ་སྐྱོད་མཚོ་ལམ་ཞིག་འཚོལ་རྩིས་བྱས།

སྤྱི་ལོ་1644ལོར། ཆིང་རྒྱལ་བོ་ཧྲུན་ཀྲི་ཡིས་རྒྱལ་ས་ཧྲིན་ཅིན་ནས་པེ་ཕིང་དུ་སྤོས།

སྤྱི་ལོ་1838ལོར། ཧུའུ་ཀོང་སྤྱི་ཁྱབ་ལིན་ཙེ་ཞུས་ཀྱིས་ཉལ་ཐ་གཏན་འགོག་བྱས།

སྤྱི་ལོ་1863ལོར། ཧྲང་ཧའེ་ཡི་དབྱིན་ཇི་དང་ཨ་རིའི་བཙན་གཡར་ས་ཆར་གཅིག་སྒྲིལ་བྱས་ནས་“སྤྱིའི་བཙན་གཡར་ས་ཆ”ཞེས་པར་བསྒྱུར།

སྤྱི་ལོ་1865ལོར། ཙེང་གོ་ཧྥན་དང་ལི་ཧུང་ཀྲང་གཉིས་ཀྱིས་འབྲི་ཆུའི་ལྷོ་རྒྱུད་འཕྲུལ་ཆས་བཟོ་སྐྲུན་སྤྱི་ཁྱབ་ཅུས་བཙུགས།

སྤྱི་ལོ་1870ལོར། ཕུའུ་ཧྥ་དམག་འཁྲུག་ཁྲོད་ཕུའུ་ལུའུ་ཧྲིའི་དམག་དཔུང་གིས་ཕ་རི་སི་བསྐོར།

སྤྱི་ལོ་1881ལོར། ཙུང་ཐུང་ཅ་ཧྥེར་ཏེར་ལྐོག་གསོད་ཐེབས་པས། ཙུང་ཐུང་གཞོན་པ་ཆའེར་སི་ཐེ་·ཨའེ་ལུན་·ཨ་སེ་ཡིས་ཨ་རིའི་སྐབས་ཉེར་གཅིག་པའི་ཙུང་ཐུང་གི་འགན་བཞེས།

སྤྱི་ལོ་1912ལོར། ཡོན་ཧྲི་ཁེས་རྒྱལ་ཡོངས་ཀྱིས་ཁུང་ཙི་ལ་བཀུར་དགོས་པའི་བཀའ་ཕབ།

སྤྱི་ལོ་1914ལོར། ཀྲུང་ཧྭ་གསར་བརྗེའི་ཏང་གིས་འཇའ་ཕན་ཏུང་ཅིང་དུ་གྲོས་ཚོགས་འཚོགས་ཏེ།“གནམ་སྔོན་ཉི་དཀར་ས་གཞི་དམར”ཞེས་པ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གཏན་འཁེལ་བྱས།

སྤྱི་ལོ་1927ལོར། གོ་མིན་ཏང་གི་ཉིང་དང་། ཧན། ཧུའུ་ཕྱོགས་གསུམ་གཅིག་གྱུར་བྱས།

སྤྱི་ལོ་1932ལོར། རྒྱ་གར་མི་རིགས་ལས་འགུལ་གྱི་གཙོ་འཛིན་གྷན་རྡིས་བཙོན་ཁང་ནང་ཟས་བཅད་འཐབ་རྩོད་བྱེད་འགོ་བརྩམས།

སྤྱི་ལོ་1945ལོར། རྒྱ་གར་གྱི་རྒྱལ་ཆེན་ཏང་གིས་གྷན་རྡི་དང་ཉི་ཧོ་ལུའུ་ཡི་འགོ་ཁྲིད་འོག་འབོམ་འབེལ་གྲོས་ཚོགས་འཚོགས་ཏེ། དབྱིན་ཇིས་བཏོན་པའི་ཧིན་རྡུ་རང་སྐྱོང་གི་གྲོས་གཞི་ཁས་མ་བླངས་པར། དབྱིན་ཇི་བ་རྒྱ་གར་ནས་ཁ་བྲལ་དགོས་པའི་རེ་བ་བཏོན།

སྤྱི་ལོ་1946ལོར། ཧྥ་རན་སིས་ཀ་ནཱ་གློག་བརྙན་དུས་ཆེན་སྐབས་དང་པོ་འཚོགས།

སྤྱི་ལོ་1950ལོར། མའོ་ཙེ་ཏུང་གིས་བཀའ་རྒྱ་བཏང་ནས། ཀྲུང ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་དཔེ་རིས་གསལ་བཤད་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་གནང་།

སྤྱི་ལོ་1951ལོར། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་མི་རིགས་སློབ་གསོའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་དུ་འཚོགས།

སྤྱི་ལོ་1954ལོར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཁྱབ་བསྒྲགས་དང་ལག་བསྟར་བྱས།

སྤྱི་ལོ་1956ལོར། ལྷ་ས་སློབ་འབྲིང་སློབ་འགོ་ཚུགས་ཤིང་། དེ་ནི་བོད་ལྗོངས་ཀྱི་སློབ་འབྲིང་དང་པོ་ཡིན་ལ་ཁྱོན་བསྡོམས་སློབ་ཕྲུག་ཆིག་སྟོང་བཞི་བརྒྱ་ལྷག་ཡོད།

སྤྱི་ལོ་1957ལོར། ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱིས་བབ་ཅོལ་གྱི་སྒོ་ནས་ཏང་གི་“ཚོགས་ཆེན་ཐེངས་བརྒྱད་པའི”ལམ་ཕྱོགས་ཡང་དག་པ་དེ་ཁས་མ་བླངས་པ་རེད།

སྤྱི་ལོ་1958ལོར། ཀྲུང་གོ་ཚན་རྩལ་སློབ་ཆེན་བཙུགས་པ་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་ཀུའོ་མོ་རུའོ་ཡིས་སློབ་སྤྱིའི་འགན་གཅིག་ལྕོགས་སུ་འཁུར།

སྤྱི་ལོ་1963ལོར། ཨ་རིའི་ཙུང་ཐུང་ཁེན་ཉི་ཏིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཨ་རི་དང་སུའུ་ལེན་གཉིས་ཀྱིས་མཉམ་འབྲེལ་ཐོག་ཟླ་བའི་གོ་ལར་འཚོལ་ཞིབ་བྱ་དགོས་པའི་གྲོས་གཞི་བཏོན།

སྤྱི་ལོ་1965ལོར། ཧྲང་ཧའེ་ཡི་དམག་ཁོངས་སྨན་པའི་སློབ་ཆེན་ཞིག་གི་ཁོངས་གཏོགས་སྨན་ཁང་གིས་ནད་པ་ཞུས་ཧྲུའུ་པའོ་ལ་རང་རྒྱལ་གྱི་མིས་བཟོས་སྙིང་གི་འདབ་སྐྱི་གཤགས་བཅོས་ལེགས་གྲུབ་བྱུང་ནས། རང་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་ཕྱི་བཅོས་ལོ་རྒྱུས་གསར་བ་ཞིག་བསྐྲུན།

སྤྱི་ལོ་1965ལོར། ཐའེ་པེ་རྒྱལ་བཙུགས་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་སྟོན་ཁང་བཙུགས།

སྤྱི་ལོ་1981ལོར། ཀྲུང་གོའི་མདའ་གཅིག་སྐར་གསུམ་འཕེན་གཏོང་ལེགས་གྲུབ་བྱུང་ཡོད།

སྤྱི་ལོ་1983ལོར། ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སིས་ངོ་རྒོལ་ཏང་གིས་ཁོང་ལ་ལས་ཁུར་དགོངས་ཞུ་བྱ་རྒྱུའི་རེ་བ་ཁས་མ་བླངས།

སྤྱི་ལོ་1983ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་38པ་འཚོགས། ཕ་ན་མཱའི་ཙུང་ཐུང་གཞོན་པ་ཧོར་ཧེ·དབྱི་ལིའུ་ཨའེ་ཁ་སྐབས་38པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་རེད།

སྤྱི་ལོ་1985ལོར། ཁ་བྲལ་ནས་ལོ་40སོང་རྗེས་ཁྲའོ་ཞན་ལྷོ་དང་བྱང་གི་སྒྱུ་རྩལ་ཚོགས་པ་དང་ཕ་ཡུལ་གྱི་འཚམས་འདྲི་ཚོགས་པས་པན་མིན་ཏན་གྱི་དམག་དོན་དབྱེ་མཚམས་བརྒྱུད་ཕན་ཚུན་འཚམས་འདྲི་ཐེངས་དང་པོ་བྱས་པ་རེད།

སྤྱི་ལོ་1986ལོར། རང་རྒྱལ་གྱི་དེང་རབས་ཅན་གྱི་རྒྱ་མཚོའི་སྣུམ་འདོན་ལས་སྟེགས་ཐོག་མ་བསྐྲུན།

སྤྱི་ལོ་1986ལོར། རང་རྒྱལ་གྱིས་མིས་བཟོས་རྒྱ་མཚོ་བསྐྲུན། 

སྤྱི་ལོ་1991ལོར། སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ལུས་རྩལ་འགྲན་ཚོགས་ཐང་ཧྲན་དུ་འཚུགས།

སྤྱི་ལོ་1994ལོར། རྒྱལ་སྤྱིའི་《ཉིང་རྡུལ་བདེ་འཇགས་སྤྱི་ཆིངས་》ལ་མིང་རྟགས་བཀོད།

སྤྱི་ལོ་2001ལོར། ཀྲུང་གུང་ཀྲུང་དབྱང་གིས་《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྤེལ་ལག་བསྟར་རྩ་གནད་》དཔར་འགྲེམ་བྱས་པ་རེད།

སྤྱི་ལོ་2007ལོར། འབར་མར་གཞི་ཁྱོན་ཆེ་བའི་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་རེ་བ་བཏོན།

སྤྱི་ལོ་2008ལོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཏང་ཡོངས་སུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་“ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་གནད་དོན་གལ་ཆེན་འགའི་”སྐོར་གྱི་ཆེད་དོན་སྙན་ཞུ་གནང་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།