ཀྲུང་གོ་བོད་ཀྱི་དྲ་བ།

འོས་འཚམས་ཀྱི་མཐོ་སྒང་དབྱང་དམའི་འགུལ་བསྐྱོད་ནི་བདེ་ཐང་ལ་ཕན།

ཡོང་ཁུངས། : མཚོ་སྔོན་ཚན་རྩལ་ཚགས་པར།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱང་དམའ་བའི་མཐོ་སྒང་དུ་འོས་འཚམས་ཀྱི་ལུས་རྩལ་སྦྱོང་བརྡར་བྱེད་པ་ནི། མཐོ་སྒང་གི་མི་མང་གི་གཟུགས་གཞི་ཇེ་ལེགས་སུ་གཏོང་བར་ནུས་པ་ལྡན། འདི་ནི་ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་སུའུ་ཡིས་ལོ་བཞི་ལྷག་རིང་ཞིབ་འཇུག་བྱས་ཏེ་ཐོན་པའི་སྡོམ་ཚིག་ཡིན།

ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་སུའུ་ཡིས་འགན་ཁུར་བཞིན་པའི། མཐོ་སྒང་གི་དབྱང་དམའ་བའི་ཁོར་ཡུག་ཏུ་སྣ་འདུས་ལུས་སྦྱོང་གིས་མིའི་གཟུགས་གཞི་བདེ་ཐང་ལ་ཞིབ་འཇུག་ཅེས་པའི་་ལས་གཞི་དང་འབྲེལ་ཏེ། མཐོ་སྒང་གི་ཁོར་ཡུག་གིས་མིའི་རིགས་བདེ་ཐང་ལ་སྐུལ་འདེད་ཇི་ལྟར་བྱེད་པ་དང་། མཐོ་སྒང་གི་འཛུགས་སྐྲུན་པ་དང་ལྟད་མོ་བའི་བདེ་ཐང་ལ་ཇི་ལྟར་ཁེག་ཐག་བྱེད་པ། མཐོ་སྒང་གི་མི་རྣམས་ཀྱི་ཚེ་སྲོག་གི་རྒྱུ་སྤུས་ཇི་ལྟར་མཐོར་འདེགས་གཏོང་བ་བཅས་ཀྱི་གནད་དོན་ལ་རྒྱ་ཆེ་ཞིང་གཏིང་ཟབ་བའི་ཞིབ་འཇུག་དང་བརྟག་དཔྱད་གནང་པ་རེད།

ལས་གཞི་དེ་ནི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་དཔེ་སྟོན་གནས་གཞིའི་སྟེགས་བུ་བརྒྱུད། འཇར་པན་དང་། འཇར་མན། ཨོ་སི་ཁྲི་ལི་ཡ། རང་རྒྱལ་གྱི་ཐའེ་ཝན་ས་ཁུལ་སོགས་དང་མཉམ་འབྲེལ་སྒོས། རྒྱལ་སྤྱིའི་སྔོན་ཐོན་ལག་རྩལ་དང་བྱེད་ཐབས་སྤྱད་དེ། བདེ་ཐང་དང་མཐོ་སྒང་ས་ཁུལ་གྱི་མི་མང་མཚོ་ངོས་ལས་སྨི400དང་། སྨི2366དང་། སྨི3700སོགས་ས་ཁུལ་མི་འདྲ་བའི་སྣ་འདུས་ལུས་སྦྱོང་སྐབས་ཀྱི་འབྲེལ་ཡོད་གཞི་གྲངས་བསྡུས་ནས་གཏིང་ཟབ་པའི་ཞིབ་འཇུག་བྱས་པར། མཐོ་སྒང་ས་ཁུལ་དུ་འོས་འཚམས་ཀྱི་ལུས་རྩལ་སྦྱོང་བྱས་ན། བདེ་ཐང་དང་མཐོ་སྒང་གི་མི་མང་གི་གཟུགས་གཞི་ཇེ་ལེགས་སུ་གཏོང་བར་ནུས་པའི་སྡོམ་ཚིག་ཐོབ་པ་རེད།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།