ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (1).jpg

1.ད་ལྟ་སྤྱོད་བཞིན་པའི《ཁོར་ཡུག་མཁའ་རླུང་གི་སྤུས་ཀའི་ཚད་གཞི》དེ་ལ་སྔོན་གྱི་ཚད་གཞི་དང་བསྡུར་ན་འགྱུར་ལྡོག་གང་དག་ཡོད།

《ཁོར་ཡུག་མཁའ་རླུང་གི་སྤུས་ཀའི་ཚད་གཞི》(GB3095--2012)ནི2012ལོའི་ཟླ2པའི་ཚེས29ཉིན་ཁྱབ་བསྒྲགས་བྱས་པ་རེད། ཚད་གཞི་གསར་པར་དངོས་པོ་རིལ་ཕྲ་ཅན(PM2.5)གྱི་གར་ཚད་བཀག་གནས་དང་། དྲི་ངན་དབྱང་རླུང(O3)གི་དུས་ཚོད8ཀྱི་ཆ་སྙོམས་ཀྱི་གར་ཚད་བཀག་གནས་གསར་དུ་བསྣན་ཡོད། རྔུབ་རུང་བའི་དངོས་པོ་རིལ་ཕྲ་ཅན(PM10)དང་དབྱང་གཉིས་ཐཱན་འགྱུར(NO2)ཞ་སྨྱུག་དང་པུན་པིན(a)པེས་བཅས་ཀྱི་གར་ཚད་བཀག་གནས་ནན་མོར་བྱས་ཡོད། ཁོར་ཡུག་མཁའ་རླུང་གི་སྤུས་ཀའི་གདེང་འཇོག་རྣམ་གྲངས་དེ་སྔོན་གྱི་རྣམ་གྲངས3(རྔུབ་རུང་བའི་དངོས་པོ་རིལ་ཕྲ་ཅན་དང་དབྱང་གཉིས་མུ་སི་འགྱུར་བ། དབྱང་གཉིས་ཏན་འགྱུར)གྱི་རྨང་གཞིའི་སྟེང་རྣམ་གྲངས3(དངོས་པོ་རིལ་ཕྲ་ཅན་དང་དྲི་ངན་དབྱང་རླུང་། དབྱང་གཅིག་ཐཱན་འགྱུར)གསར་དུ་བསྣན་པས། སྤྱིའི་རྣམ་གྲངས6ལ་སླེབས།

2.དངོས་པོ་རིལ་ཕྲ་ཅན (PM2.5)གྱི་ཡོང་ཁུངས་གཙོ་བོ་གང་ཡིན།

དངོས་པོ་རིལ་ཕྲ་ཅན (PM2.5)གྱི་ཡོང་ཁུངས་ལ་རང་བྱུང་ཡོང་ཁུངས་དང་མིའི་ཐབས་ཀྱི་ཡོང་ཁུངས་གཉིས་སུ་བཀར་ཡོད། རང་བྱུང་ཡོང་ཁུངས་ནང་རླུང་གིས་བསྐྱོད་པའི་ས་རྡུལ་དང་མེ་རིའི་ཐལ། ནགས་ཚལ་མེ་སྐྱོན། རྒྱ་མཚོའི་ཚྭ་སོགས་འདུས་པ་དང་། མིའི་ཐབས་ཀྱི་ཡོང་ཁུངས་ནང་དངོས་པོ་རིལ་ཕྲ་ཅན་ཐེངས་དང་པོ་དང་དངོས་པོ་རིལ་ཕྲ་ཅན་ཐེངས་གཉིས་པ་འདུས་ཡོད། དངོས་པོ་རིལ་ཕྲ་ཅན་ཐེངས་དང་པོ་ནི་སྦགས་བཙོག་འབྱུང་ཁུངས་ནས་ཐད་ཀར་རླུང་ཁམས་ཆེན་པོར་བཏང་བའི་དངོས་པོ་རིལ་ཕྲ་ཅན་ལ་ཟེར། དེ་ནི་རྡོ་སོལ་གྱི་དུ་ཐལ་དང་བཟོ་ལས་ཐལ་རྡུལ། འཕྲུལ་སྒུལ་འཁོར་ལོ་ནས་ཕུད་པའི་དབུགས་བཙོག ཨར་ལས་དང་བགྲོད་ལམ་སྟེང་གི་ས་རྡུལ་སོགས་རེད། དངོས་པོ་རིལ་ཕྲ་ཅན་ཐེངས་གཉིས་པ་ནི་རླུང་ཁམས་ཆེན་པོའི་ཁྲོད་ཀྱི་མུ་སི་འགྱུར་དངོས་དང་ཏན་དབྱང་འགྱུར་དངོས། ཨན། ཡལ་སླའི་སྐྱེ་ལྡན་དངོས་པོ་སོགས་ལ་རྫས་འགྱུར་འགྱུར་འབྱུང་བྱུང་བ་ལས་ཐོན་པའི་དངོས་པོ་རིལ་ཕྲ་ཅན་ལ་ཟེར།

3.ཁོར་ཡུག་མཁའ་རླུང་གི་སྤུས་ཀའི་བསྡུར་གྲངས(AQI)ཀྱི་གོ་དོན་ནི་ཅི་ཡིན།

ཁོར་ཡུག་མཁའ་རླུང་གི་སྤུས་ཀའི་བསྡུར་གྲངས(AQI)ནི་གྲངས་ཀ་གཏན་འཁེལ་བྱས་ནས་མཁའ་རླུང་གི་སྤུས་ཀའི་གནས་ཚུལ་མཚོན་པའི་ཚད་མེད་བསྡུར་གྲངས་ལ་ཟེར་བ་དང་། གྲངས་གནས་ཅི་ཙམ་ཆེ་ན། མཁའ་རླུང་གི་སྦགས་བཙོག་དེ་ཙམ་སྡུག མཁའ་རླུང་སྤུས་ཀའི་གདེང་འཇོག་ཏུ་ཞུགས་པའི་སྦགས་བཙོག་དངོས་པོ་གཙོ་བོ་ནི་དངོས་པོ་རིལ་ཕྲ་ཅན (PM2.5)དང་། རྔུབ་རུང་བའི་དངོས་པོ་རིལ་ཕྲ་ཅན(PM10)། དབྱང་གཉིས་ཏན་འགྱུར(NO2)། དབྱང་གཉིས་མུ་སི་འགྱུར་བ(SO2)། དྲི་ངན་དབྱང་རླུང(O3)། དབྱང་གཅིག་ཐྰན་འགྱུར(CO)བཅས་རྣམ་གྲངས6ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།