ཀྲུང་གོ་བོད་ཀྱི་དྲ་བ།

ནངས་དགོང་ལ་ལུས་ཕུང་སྦྱོང་བརྡར་བྱས་ན་ཕན་ཐོགས་ཆེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (3).jpg

དེ་ཡང་ང་ཚོ་མི་སུ་དང་སུ་ཡིན་རུང་ཉིན་གཅིག་གི་དུས་ཚོད་ནང་རང་རང་གི་བྱ་བ་ལ་བརྩོན་དང་བརྩོན་བཞིན་ཡོད། ཡིན་ཡང་རང་ཉིད་ཀྱི་ལུས་ཕུང་ལ་བདག་གཅེས་བྱ་རྒྱུའང་ཧ་ཅང་གལ་ཆེ་བ་རེད།གནའ་མིའི་གཏམ་དཔེར།མིས་ལས་ནས་ཤི་ནི་མེད། ། བསྡད་ནས་རུལ་ནི་མང་། །ཟེར་བས་འགུལ་སྐྱོད་བྱ་རྒྱུ་དང་ལས་ཀ་གང་རུང་ཞིག་ལ་འབད་དགོས་པ་གསལ་པོར་བསྟན་ཡོད་པ་མཐོང་ཐུབ། དེ་མིན་ལུས་རྩལ་པ་དང་ཆེད་མཁས་པ་དག་གིས་ཀྱང་ཞོགས་སྦྱོང་སྐར་བཅུ་དང་དགོང་སྦྱོང་སྐར་ཞེ་ལྔ་ལ་ལུས་པོ་སྦྱོང་བརྡར་བྱས་ན་མིའི་ལུས་ཕུང་ལ་ནད་མེད་ཚེ་རིང་དང་ལུས་སྟོབས་རྒྱས་པར་ཕན་ཐོགས་ཡོད་པར་གསུངས་ཡོད། དེ་བས་ཞོགས་སྦྱོང་གཙོ་བྱས་ནས་དགོང་སྦྱོང་མི་རྔུལ་ཙམ་ཞིག་བྱས་ཚེ་མིའི་ཟས་ཀྱི་དང་ག་འབྱེད་ལ་དྭངས་སྙིགས་ཀྱི་དབྱེ་བ་ཚུལ་བཞིན་ཕྱེ་ནས་ལུས་ཟུངས་བརྟས་པར་བྱེད།ལྷག་པར་རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱས་ན་མིའི་སེམས་ཁམས་སྐྱིད་ལ་ལུས་ཕུང་ཡང་བ།ན་ཚ་མི་འབྱུང་ལ་མིའི་བསམ་བློ་རྒྱ་ཆེར་གཏོང་ཐུབ་པ་དང་།གཟུགས་གཞི་དང་བྱད་མདངས་ཡག་པོར་གཏོང་ཐུབ།མདོར་ན་ལུས་ཕུང་སྦྱོང་བརྡར་བྱས་ན་མིའི་འབྱུང་གཞི་བདེ་ཞིང་འདོད་ཆགས་དང་ཞེ་སྡང་།གཏི་མུག་སོགས་དུག་གསུམ་སེལ་བར་ཡང་ཕན་ཐོགས་ཆེའོ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།