ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་སྒྲིག་ཨུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ཐད་འདྲི་ཤོག་བཀྲམ་ནས་བརྟག་དཔྱད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་སྒྲིག་ཨུས་གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་འདྲི་ཤོག་བཀྲམ་ནས་བརྟག་དཔྱད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཚུལ་ལ་འདྲི་ཤོག་གིས་བརྟག་དཔྱད་བྱས།

འདྲི་ཤོག་བརྟག་དཔྱད་ཁྲོད་བསྡོམས་པས་ཞིབ་ཕྲའི་འདྲི་གཞི21དང་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པའི་དྲི་བ4བཅས་བཀོད་སྒྲིག་བྱས་ཡོད་པ་དང་། བརྟག་དཔྱད་བྱ་ཡུལ་ནི་གཙོས་གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཅུས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཚན་ཁག་སོ་སོའི་ཀྲུའུ་རེན། སྲང་ལམ་དོན་གཅོད་ཁང་གི་སྒྲིག་ཨུའི་འགན་ཁུར་མི་སྣ་དང་སྒྲིག་ཁྲིམས་ཞིབ་བཤེར་ཆེད་གཉེར་ལས་བྱེད་པ། མངགས་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཁོངས་མི6དང་། སྤྱི་བདེ་ཅུས་དང་ཞིབ་དཔྱོད་ཁང། ཁྲིམས་ཁང་གི་ཁེར་རྐྱང་མངགས་སྡོད་ཚན་ཆུང་གི་འགན་ཁུར་མི་སྣ་བཅས་བསྡོམས་པས་མི70ལྷག་བསྡུས་ཡོད།

འདྲི་ཤོག་བརྟག་དཔྱད་མཇུག་སྒྲིལ་རྗེས། གྲོང་ཁྱེར་སྒྲིག་ཨུས་བསྡུ་ལེན་བྱས་པའི་བསམ་འཆར་དང་གྲོས་གཞི་ལ་ཕྱོགས་བསྡུས་བྱས་ཏེ། བསམ་འཆར་བསྡུ་ལེན་བྱས་པའི་དབྱེ་ཞིབ་སྙན་ཞུ་གྲུབ་ནས། གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཡང་དག་དང་དྲང་བདེན་གྱིས་མཚོན་གང་ཐུབ་བྱས་ཏེ། རྗེས་ཕྱོགས་སུ་ལས་བྱེད་པའི་དཔུང་ཁག་གི་འཛུགས་སྐྲུན་ལ་ཁུངས་ལྡན་གྱི་གཞི་འཛིན་ས་འདོན་སྤྲོད་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།