ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་འདེབས་མ་བྱས་པའི་སྔོན་དུ་ཁ་ལོ་བས་གྲ་སྒྲིག་གང་དག་བྱ་དགོས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔྱིད་འདེབས་མ་བྱས་པའི་སྔོན་དུ་ཁ་ལོ་བས་ས་དབྱིབས་ཀྱི་གནས་ཚུལ་ལ་ཞིབ་བལྟ་བྱས་ནས་སེམས་སུ་བྱང་ཆུབ་པ་བྱ་རུ་འཇུག་དགོས་ལ། ལས་ཀ་བྱེད་བཞིན་པའི་སྐབས་སུ་འཕྲུལ་ཆས་ཀྱི་རྒྱུ་སྤུས་དང་བདེ་འཇགས་ཁག་ཐེག་བྱ་དགོས། ས་བོན་འདང་ངེས་ཤིག་སྒྲ་སྒྲིག་བྱེད་པ་དང་། ལུས་རྫས་དང་ཆགས་སྐྱོན་འབྱུང་སླ་བའི་ལྷུ་ལག་ཁག་ལ་ཉམས་འཇོག་བྱས་ནས་འདེབས་འཛུགས་བྱེད་པའི་སྐབས་སུ་བར་ཆད་མི་འབྱུང་བར་བྱ་དགོས། ས་བོན་ངེས་པར་དུ་གཙང་མ་དང་སྐམ་པོ་ཡིན་དགོས། ནང་དུ་གཞུང་རྟ་དང་རྡོ་སོགས་ཀྱི་རྫས་འདྲེས་མི་རུང་། ས་བོན་ཕྱིར་གཏོར་སའི་སྒོ་འགག་པར་སྔོན་འགོག་བྱ་དགོས་ལ། འདེབས་འཛུགས་ཀྱི་རྒྱུ་སྤུས་ལ་གནོད་སྐྱོན་ཐེབས་པར་ཡང་སྔོན་འགོག་བྱ་དགོས། སྤུས་ལེགས་ས་བོན་འདེབས་འཛུགས་བྱེད་པའི་སྐབས་སུ། ས་བོན་ངེས་པར་དུ་ནན་མོ་བྱས་ནས་འདེམ་དགོས་ལ་རྫས་ལུད་ཀྱང་གཙང་མ་ཡིན་དགོས། དེ་མིན་ཚེ་གཏོར་བའི་ལུད་རྫས་ཀྱི་རྒྱུ་སྤུས་ལ་གནོད་བསྐྱལ་བ་ཡིན། ས་བོན་དང་རྫས་ལུད་འོས་འཚམ་གྱི་གནས་སུ་འཇོག་དགོས་ལ། ས་བོན་དང་རྫས་ལུད་ཁ་སྣོན་བྱེད་དུས་དུས་ཚོད་འགོར་འགྱངས་བྱེད་པར་སྔོན་འགོག་བྱ་དགོས། འདེབས་འཛུགས་བྱེད་སྐབས་ཉམས་འཇོག་དགོས་པ་སྟེ།

1.འདེབས་འཛུགས་འཕྲུལ་ཆས་ཀྱི་ལས་ཀ་བྱེད་བཞིན་པའི་སྐབས་སུ་མཚམས་མི་འཇོག་པར། གལ་ཏེ་ངེས་པར་དུ་མཚམས་འཇོག་དགོས་དུས། འདེབས་འཛུགས་འཕྲུལ་ཆས་ཡར་འཇོག་དགོས་ལ། རྗེས་སུ་ཕྱི་ནུར་འགའ་བྱས་རྗེས་ད་གཟོད་མུ་མཐུད་དུ་འདེབས་འཛུགས་བྱ་དགོས། འདེབས་འཛུགས་འཕྲུལ་ཆས་མར་འབབ་པའི་དུས་སུ། ལག་སྐྱོར་འཕྲུལ་འཁོར་དལ་མོ་ངང་ནས་འཁོར་བསྐྱོད་བྱ་དགོས། ཤུར་མོ་བརྐོ་ཆས་ཀྱིས་ས་བོན་འདེབས་པའི་སྐབས་སུ་འདེབས་འཛུགས་འཕྲུལ་ཆས་ཕྱི་ནུར་བྱེད་མི་རུང་། ས་ཤུར་བརྐོ་ཆས་ཀྱི་ཁ་གཅོད་པ་དང་གནོད་སྐྱོན་བཟོ་བར་སྔོན་འགོག་བྱ་དགོས།

2.ས་ཞིང་ནང་དུ་ཕྱིར་འཁོར་བའི་དུས་སུ། འདེབས་འཛུགས་འཕྲུལ་ཆས་ཡར་འཇོག་དགོས། 

3.ཁ་ལོ་བས་ལས་ཀ་བྱེད་པའི་སྐབས་སུ་དུས་ཐོག་ཏུ་འདེབས་འཛུགས་ཀྱི་ལས་ཀ་བྱེད་པའི་གནས་ཚུལ་དང་། ལྷག་པར་དུ་ས་བོན་ཕྱིར་གཏོང་ཆས་ནང་དུ་ས་བོན་ཡོང་ཡོད་མེད། རྫས་ལུད་ཕྱིར་གཏོང་ཆས་ནང་དུ་རྫས་ལུད་ཕྱིར་ཡོང་ཡོད་མེད། ས་བོན་དང་རྫས་ལུད་གཏོར་བའི་སྦུབ་གུ་ཁ་བཅད་ཡོད་མེད། ས་བོན་གྱི་སྒམ་དང་རྫས་ལུད་ཀྱི་སྒམ་ནང་དུ་སོ་སོར་འདང་མིན་ཡོད་པ་སོགས་ལ་ཉམས་འཇོག་བྱ་དགོས།

4.ལོ་ཏོག་རིགས་གཅིག་བཏབ་ཚར་རྗེས། ས་བོན་གྱི་སྒམ་ནང་དུ་གཙང་དག་བྱ་དགོས་ལ། དེ་མིན་ཚེ་ས་བོན་འདྲེས་ནས་ཕྱིར་གཏོང་བར་གནོད་སྐྱོན་བཟོ་སྲིད་པ་མ་ཟད། ས་བོན་ཆུད་ཟོས་སུ་གཏོང་བ་དང་རྗེས་སུ་ས་ཞིང་དོ་དམ་བྱེད་པའི་སྐབས་སུ་དཀའ་ལས་བཟོ་སྲིད་པ་ཡིན། འདེབས་འཛུགས་བྱས་ཚར་རྗེས། དུས་ཐོག་ཏུ་རྫས་ཀྱི་སྒམ་ནང་གཙང་དག་བྱ་དགོས་ལ། འཕྲུལ་ཆས་སྟེང་རུལ་བཟོས་སུ་འགྲོ་བ་དང་བཙའ་ཆག་པར་སྔོན་འགོག་བྱ་དགོས།

5.ཞིང་སྨན་གཏོར་དགོས་པའི་ས་བོན་འདེབས་འཛུགས་བྱེད་པའི་སྐབས་སུ། འདེབས་འཛུགས་མཁན་གྱིས་ལག་ཤུབས་དང་ཁ་ཐུམ། ཐལ་ཕྱིས་སོགས་སྲུང་སྐྱོབ་ཀྱི་ཡོ་བྱད་རྒྱག་དགོས། ལྷག་ཟིན་པའི་ས་བོན་དུས་ཐོག་ཏུ་འོས་འཚམ་གྱིས་བདག་གཉེར་བྱ་དགོས་ལ་ཁོར་ཡུག་དང་མི་ཕྱུགས་ལ་གནོད་སྐྱོན་ཐེབས་པར་སྔོན་འགོག་བྱ་དགོས།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།