ཀྲུང་གོ་བོད་ཀྱི་དྲ་བ།

སྐོམ་ཆུ་གང་དག་ནི་སྐོམ་ཆུ་གྲང་མོའི་རིགས་སུ་གཏོགས་པ་དང་སྐོམ་ཆུ་གྲང་མོའི་རིགས་འཐུང་བར་མི་འཚམ་པའི་མི་ཚོགས་ནི་གང་དག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

002NLApcgy6Uju5Cf7I3a&690.jpg

  སྐོམ་ཆུ་གྲང་མོ་ནི་སྤྱིར་བཏང་དུ་འཁྱག་དབྱུག་དང་འཁྱག་དར། རླངས་ཆུ། མིས་བཟོས་སིལ་ཆུ་དང་སིལ་འབག སིལ་ཁུ། ཤིང་འབྲས་ལུའུ་མིའི་སྐྱུར་ཁུ། བཟའ་བྱའི་འཁྱག་དར་ལེབ་མོ། ཁ་ཐོར་དུ་བཞག་པའི་ཀ་ར་ཉུང་འདྲེས་སྐོམ་ཆུ། ཚྭ་ཁུའི་རླངས་ཆུ། གཏེར་ཆུ། བསྙལ་རིགས་སྐོམ་ཆུ། ཁོ་ལི་རིགས་ཀྱི་སྐོམ་ཆུ་བཅས་ཡིན།

  གཤམ་གྱི་རིགས8ལ་གཏོགས་པའི་མི་ཚོགས་ཀྱིས་སྐོམ་ཆུ་གྲང་མོའི་རིགས་འཐུང་སྐབས་མཉམ་འཇོག་བྱེད་དགོས།

(གཅིག)རྒན་པ་དང་བྱིས་པ།

(གཉིས)གཅིན་པ་མངར་འགྱུར་གྱི་ནད་པ། སྐོམ་ཆུ་གྲང་མོའི་ནང་སྤྱིར་བཏང་དུ་ཀ་ར་འདུས་ཚད་མཐོ་བས། ནད་པས་བཏུངས་རྗེས་ཁྲག་མངར་ཇེ་མཐོར་སོང་སྟེ། ནད་གཞི་ཇེ་ལྕི་རུ་འགྲོ་སྲིད།

(གསུམ)རྒྱུ་སོར་བཅུ་གཉིས་རུལ་བའི་ནད་དང་། དལ་གཤིས་ཕོ་བའི་གཉན་ཚད། དལ་གཤིས་རྩམ་ལོང་གཉན་ཚད། མཁྲིས་སྣོད་གཉན་ཚད། འཇུ་སྟོབས་ཞན་པ་བཅས་ཀྱི་ནད་པས་སྐོམ་ཆུ་གྲང་མོའི་རིགས་འཐུང་མི་རུང་བ་སྟེ། འཇུ་སྟོབས་ཞན་པའི་ནད་པས་སྐོམ་ཆུ་གྲང་མོའི་རིགས་འཐུངས་ཚེ་ཕོ་བ་དང་རྒྱུ་མའི་འབྱར་རྩིར་གནོད་བསྐྱལ་ཏེ། ནད་གཞི་ཇེ་ལྕི་རུ་གཏོང་ངེས།

(བཞི)སོ་རུལ་བ་དང་སོ་སྤུས་སྐྱེན་པོ་ཅན་གྱིས་སྐོམ་ཆུ་གྲང་མོའི་རིགས་འཐུང་མི་རུང་།

(ལྔ)ཁྲག་ཤེད་མཐོ་བའི་ནད་པ་དང་། སྙིང་ནད་ཡོད་པ། འཕར་རྩ་སྲ་མཁྲེགས་ཅན་གྱི་ནད་པ།

(དྲུག)མིད་པའི་གཉན་ཚད་དང་གློ་ཡུའི་ཡན་ལག་གཉན་ཚད། གློ་ཡུའི་ཡན་ལག་འཚང་བ། རུས་ཚིགས་གཉན་ཚད་བཅས་ཡོད་པའི་ནད་པ།

(བདུན)མཁལ་མའི་ནད་ཡོད་པའི་ནད་པ་བཅས་སོ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།