ཀྲུང་གོ་བོད་ཀྱི་དྲ་བ།

གཞང་སྒོར་ཟ་འཕྲུག་ལངས་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཞང་སྒོར་ཟ་འཕྲུག་ལངས་ན་ནད་པས་རྒྱུན་དུ་ཚན་ཁག་གང་དུ་སོང་ནས་སྨན་བཅོས་བྱེད་དགོས་པ་ཤེས་ཀྱིན་མེད་པས།གསོ་བཅོས་ལ་འགོར་འགྱངས་ཐེབས་ཀྱིན་ཡོད།མཚམས་རེར་ནད་གཞི་ཇེ་སྡུག་ཏུ་སོང་ན།ནད་པའི་འཚོ་བར་འནོད་འཚེ་ཐེབས་སྲིད།

གཞང་སྒོར་ཟ་འཕྲུག་ལངས་པ་ལ་གདོད་འབྱུང་རང་བཞིན་གྱི་ཟ་འཕྲུག་དང་མཐུད་འབྱུང་རང་བཞིན་གྱི་ཟ་འཕྲུག་གཉིས་ཡོད།

གདོད་འབྱུང་རང་བཞིན་གྱི་ཟ་འཕྲུག་ནི་པགས་པ་དང་གཞང་སྒོ།སྐྱེ་འཕེལ་མ་ལག ལོང་ག་སོགས་ལ་གནད་དོན་གང་ཡང་མེད་པའི་གནས་ཚུལ་འོག་ཟ་འཕྲུག་ལངས་པ་ལ་གོ་ཞིང་། དེའི་འབྱུང་རྐྱེན་ནི་གཙང་སྦྲ་མི་ལེགས་པ་དང་སེམས་ནད་སོགས་ལ་འབྲེལ་བ་ཡོད།མཐུད་འབྱུང་རང་བཞིན་གྱི་ཟ་འཕྲུག་གི་འབྱུང་རྐྱེན་ལ་གཙོ་བོ་གཤམ་གྱི་འདི་དག་ཡོད་པ་སྟེ། གཅིག གཞང་རྡོལ་དང་གཞང་འབྲུམ།གཞང་རླུགས། གཞང་སྐྲན་སོགས་གཞང་ལམ་གྱི་ནད་ཡོད་པ། གཉིས།རློན་འབྲུམ་དང་གླང་ཤུ་ནད།རེག་ཐུག་རང་བཞིན་གྱི་གཉན་ཚད་སོགས་ཀྱི་པགས་ནད་ཡོད་པ།གསུམ།མཚན་མའི་མཆེད་ནད་དང་གཞན་བརྟེན་སྲིན་འབུའི་འགོས་ནད་སོགས་ཡོད་པ།བཞི།དབང་རྩ་རང་བཞིན་གྱི་ཟ་འཕྲུག རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད་དང་རྐེད་ཚིགས་རུས་ཆག་སོགས་ལ་རྒྱུན་པར་མཐོང་།

གལ་ཏེ་གཞང་སྒོར་ཟ་འཕྲུག་ལངས་པའི་ནད་བྱུང་ན་ནད་པས་ཐོག་མར་པགས་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག(ཡང་ན་གཞང་རྒྱུའི་ཕྱི་ནད་ཚན་ཁག)ཏུ་སོང་ནས།པགས་ནད་དང་ཡང་ན་གཞང་རྒྱུའི་ནད་རིགས་བྱུང་ཡོད་མེད་ལ་བརྟག་དགོས།གདོད་འབྱུང་རང་བཞིན་གྱི་ནད་རིགས་ལྟར་སྨན་བཅོས་བྱས་ན་ད་གཟོད་རྩ་བའི་གནད་དོན་ཐག་གཅོད་ཐུབ།གལ་ཏེ་པགས་ནད་དང་གཞང་རྒྱུའི་ནད་རིགས་གང་ཡང་བྱུང་མེད་ན།དབང་རྩའི་ཁོང་ནད་ཚན་ཁག་དང་སེམས་ཁམས་ཚན་ཁག་ཏུ་སོང་ནས། མི་མངོན་པའི་ནད་རྐྱེན་གཞན་ཡོད་མེད་ལ་བརྟག་པ་དང་།ཆེད་ལས་སྨན་པའི་མཛུབ་སྟོན་ལྟར་གསོ་བཅོས་བྱེད་དགོས།

དུས་རྒྱུན་གྱི་འཚོ་བའི་ཁྲོད། ནད་པས་རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས་མོད། འོན་ཀྱང་གང་འདོད་དུ་རེག་བྱར་རྩུབ་པའི་གཤེར་ཁུ་སྤྱད་དེ་ཟ་འཕྲུག་འགོག་པ་དང་བུལ་གཤིས་འདག་རྫས་སྤྱད་དེ་བཀྲུ་བ་སོགས་བྱེད་མི་རུང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།