ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙི་ནད་དང་རེག་དུག མཆིན་ནད་ཁ་པའི་ནད་མ་བུའི་བར་འགོ་བ་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨེ་ཙི་ནད་དང་རེག་དུག་མ་བུའི་བར་འགོས་ཁྱབ་འགྲོ་བ།

HIVནད་དུག་འགོས་པའི་བུད་མེད་ཀྱིས་མངལ་སྦྲུམ་པའི་དུས་སྐབས་དང་། ཕྲུ་གུ་སྐྱེ་བའམ་སྐྱེས་ནས་ནུ་མ་བསྣུན་པའི་གོ་རིམ་ནངHIVནད་དུག་དེ་མངལ་ན་ཡོད་པའི་ཕྲུ་གུའམ་ཕྲུ་གུ་དམར་འབྱར་གྱི་ལུས་ལ་འགོས་ཁྱབ་ཏུ་སོང་སྟེ། མངལ་གནས་ཕྲུ་གུའམ་ཕྲུ་གུ་དམར་འབྱར་ལ་ཨེ་ཙི་ནད་བསྒོ་བ་ཡིན། ཉེ་བའི་ལོ་འགའི་རིང་ལ། མ་བུའི་བར་ལ་ཨེ་ཙི་ནད་བརྒྱུད་འགོས་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན།HIVནད་དུག་མ་བུའི་བར་འགོ་བ་སྔོན་འགོག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཨེ་ཙི་ནད་དང་། རེག་དུག་མ་བུའི་བར་འགོ་བ་འགོག་དགོས།

ཨེ་ཙི་ནད་དུག་འགོས་པའི་བུད་མེད་ལ་མངལ་ཆགས་རྗེས། སྦྲུམ་མས་ནད་དུག་འགོག་པའི་སྨན་བསྟེན་དགོས་པ་དང་། ཕྲུ་གུ་སྐྱེས་མ་ཐག་སྨན་བཀོལ་བའམ་མིའི་ཐབས་ཀྱིས་གསོ་བའི་བྱེད་ཐབས་སྤྱད་ནས། ཨེ་ཙི་ནད་དུག་ཨ་མ་བརྒྱུད་ནས་ཕྲུ་གུར་འགོ་བ་འགོག་དགོས། གསོ་རིག་ལས་ར་སྤྲད་དོན། ཨེ་ཙིའི་ནད་མ་བུའི་བར་འགོ་བའི་འགོས་ལམ་བཅད་ན་མ་བུའི་བར་ནད་དུག་ཁྱབ་ཚད2%ནས5%བར་མར་འབབ་ཏུ་འཇུག་ཐུབ།

ཨེ་ཙིའི་ནད་མ་བུའི་བར་འགོ་བ་སྔོན་འགོག་བྱེད་དགོས།

གཉེན་སྒྲིག་གི་སྔོན་ལ་གསོ་རིག་བརྟག་དཔྱད་བྱེད་དགོས། གཉེན་སྒྲིག་གི་སྔོན་ལ་ལུས་པོར་བརྟག་དཔྱད་བྱེད་སྐབས་ཨེ་ཙིའི་ནད་དུག་གི་འགོག་གཟུགས་བཤེར་འཇལ་བྱེད་དགོས་ལ། གཉེན་བསྒྲིགས་རྗེས་ཕྱོགས་གཉིས་ཀས་ཀུན་སྤྱོད་ལེགས་པར་སྲུང་བ་དང་། ཕན་ཚུན་ལ་བློ་དཀར་དགོས།

མངལ་མ་ཆགས་སྔོན་གྱི་གྲ་སྒྲིག་བྱ་བ། མངལ་སྦྲུམ་འདོད་པའི་བཟའ་ཚང་གིས་ཨེ་ཙིའི་ནད་ཀྱི་འདྲི་རྩད་དང་བཤེར་འཇལ་དང་ལེན་བྱེད་དགོས། གལ་ཏེ་ཨེ་ཙིའི་ནད་དུག་འགོས་ཡོད་ཚེ། ཁྱོ་ཤུག་གཉིས་ཀས་སྨན་པ་ལ་ལེགས་པར་འདྲི་བ་དང་ཁྱིམ་མི་ལ་གྲོས་མོལ་བྱས་རྗེས། རང་འཐད་དང་གནས་ཚུལ་ཤེས་པའི་སྒོ་ནས་མངལ་ཆགས་སུ་འཇུག་མིན་ལ་གདམ་གསེས་བྱེད་དགོས།

མངལ་ཆགས་པའི་སྐབས་ཀྱི་བཤེར་འཇལ། སྦྲུམ་མ་རེ་རེས་ཨེ་ཙི་ནད་དང་རེག་དུག་གི་འདྲི་རྩད་དང་བཤེར་འཇལ་དང་ལེན་བྱེད་དགོས། གལ་ཏེHIVནད་དུག་འགོས་ཚེ། ཁྱོ་ཤུག་གཉིས་ཀས་སྨན་པ་ལ་ལེགས་པར་འདྲི་བ་དང་ཁྱིམ་མི་ལ་གྲོས་མོལ་བྱས་རྗེས། སྲིད་བཤིག་མིན་གདམ་གསེས་བྱེད་དགོས། སྲིད་མི་བཤིག་པ་ཡིན་ན། སྨན་པའི་མཛུབ་སྟོན་འོག་ནད་དུག་འགོག་པའི་སྨན་བསྟེན་དགོས་ལ། གལ་ཏེ་རེག་དུག་འགོས་ཚེ། མངལ་སྦྲུམ་པའི་སྐབས་སུ་རིན་མི་ལེན་པར་སྨན་བཅོས་བྱེད་པ་རེད།

ཕྲུ་གུ་སྐྱེ་སྐབས་ཀྱི་སྔོན་འགོག་བྱ་བ། སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་རུ་བཅུག་ན། ད་གཟོད་ཕན་ནུས་ལྡན་ལ་གསར་སྐྱེས་ཕྲུ་གུར་ཨེ་ཙི་ནད་འགོ་བ་སྔོན་འགོག་བྱེད་ཐུབ། དཔེར་ན་མངལ་སྒོ་གཤག་པ་དང་མིའི་ཐབས་ཀྱིས་ཕྲུ་མ་བརྟོལ་བ། ཕྲུ་གུ་འབྱིན་ཆས་སྤྱོད་པ་སོགས་ཀྱི་གནོད་སྐྱོན་མི་འབྱུང་བར་བྱས་ཆོག

ཕྲུ་གུ་དམར་འབྱར་གྱིས་ཀྱང་ནད་དུག་འགོག་པའི་སྨན་འཐུང་དགོས་ལ། དེ་མིན་བདེ་འཇགས་ངང་གསོ་སྐྱོང་གི་མཛུབ་སྟོན་དང་རོགས་རམ་བསྟེན་དགོས།

ཕྲུ་གུ་སྐྱེས་རྗེས་གསོ་སྐྱོང་འོས་འཚམ་བྱེད་པ། ཨེ་ཙི་ནད་དུག་འགོས་པའི་བུད་མེད་ཀྱི་ཕྲུ་གུར་དེའི་ཨ་མའི་ནུ་མ་བསྣུན་མི་རུང་བར། སྨན་པའི་མཛུབ་སྟོན་འོག་མིའི་ཐབས་ཀྱིས་ཟས་ལྡུད་དགོས།

དུས་རྒྱུན་ཞིབ་ཕྲའི་བྱ་བར་མཉམ་འཇོག་དགོས། ཕྲུ་གུ་སྐྱེས་རྗེས། དུས་ཚོད་རིང་པོ་ཞིག་གི་ནང་ལ། ཨ་མའི་ཁྲག་གམ་ཡང་ན་ལུས་ཀྱི་གཤེར་ཁུ་ཡང་བསྐྱར་བྱིས་པའི་ལུས་ལ་འགོ་རུ་འཇུག་མི་རུང་ལ། དཔེར་ན་ཨ་མས་སེམས་ཆུང་མ་བྱས་པར་རྨས་སྐྱོན་བཟོས་ཚེ། ཁྲག་དང་གཤེར་ཁུ་བྱིས་པའི་ལུས་ལ་འགོ་རུ་འཇུག་མི་རུང་།

ཨེ་ཙི་ནད་འགོས་པའི་བུད་མེད་ཀྱི་ཕྲུ་གུ་དམར་འབྱར། ཟླ1དང་ཟླ3། ཟླ6། ཟླ8། ཟླ12དང18ལོངས་ཚེ་སྐབས་བསྟུན་འདྲི་རྩད་བྱེད་དགོས། ཕྲུ་གུ་སྐྱེས་ནས་གཟའ་འཁོར6དང་ཟླ3(ཡང་ན་དེའི་རྗེས་སྔ་ཅི་ཐུབ་བྱེད་པ)ལོངས་རྗེས་ཁྲག་བླངས་ཏེ་ཐོག་མའི་དུས་ཀྱི་བཤེར་འཇལ་བྱེད་དགོས།

མ་བུའི་བར་དུ་མཆིན་ནད་ཁ་པའི་འགོས་ཁྱབ་བརྒྱུད་ལམ་གང་དག་ཡོད།

མཆིན་ནད་ཁ་པ་ནི་ཁྲག་ཁུངས་རང་བཞིན་དང་། སྨན་ཁུངས་རང་བཞིན། ལུས་འབྲེལ། འབྲེལ་ཐུག་ཟབ་མོ་དང་མ་བུའི་བར་བཅས་བརྒྱུད་ལམ་ལྔ་ནས་འགོ་བཞིན་ཡོད།

མ་བུའི་བར་འགོ་སྟངས་གང་དག་ཡོད།

མངལ་ན་གནས་སྐབས་འགོས་ཁྱབ་འབྱུང་བ། ཕྲུ་གུ་མ་སྐྱེས་སྔོན་ལ་སྦྲུམ་མའི་ལུས་སྟེང་གི་མཆིན་ནད་ཁ་པའི་ནད་དུག་མངལ་གྱི་ཤ་མ་ནས་ཐད་ཀར་ཕྲུ་གུའི་ལུས་ལ་ཁྱབ་པ།

སྐྱེ་སྐབས་འགོས་ཁྱབ་འབྱུང་བ། ཕྲུ་གུ་སྐྱེ་སྐབས་ཕྲུ་གུར་སྐྱེ་ལམ་བརྒྱུད་ནས་ཨ་མའི་ལུས་སྟེང་གི་མཆིན་ནད་ཁ་པའི་ནད་དུག་འགོས་པ།

སྐྱེས་རྗེས་འགོས་ཁྱབ་འབྱུང་བ། ཕྲུ་གུ་སྐྱེས་རྗེས་ཨ་མས་ཕྲུ་གུར་ནུ་མ་བསྣུན་པ་སོགས་ཀྱི་བྱ་སྤྱོད་དང་ཕྲུ་གུར་འབྲེལ་ཐུག་དམ་ཟབ་བྱུང་བ་ལས་མཆིན་ནད་ཁ་པའི་ནད་དུག་འགོས་པ།

མཆིན་ནད་ཁ་པའི་ནད་དུག་གིས་བྱིས་པར་གནོད་འཚེ་གང་དག་ཐེབས་སམ།

གསར་སྐྱེས་ཕྲུ་གུར་གལ་ཏེ་མཆིན་ནད་ཁ་པའི་ནད་དུག་འགོས་ཚེ། 90%ནི་དལ་གཤིས་ཅན་གྱི་མཆིན་ནད་ཁ་པའི་ནད་དུག་ཡོད་མཁན་ལ་འགྱུར་བ་དང་། བྱིས་པར་འགོས་རྗེས28%ནས30%དལ་གཤིས་ཅན་གྱི་མཆིན་ནད་ཁ་པའི་ནད་པར་འགྱུར། འོན་ཀྱང་མི་དར་མ་རྣམས་ལ་དེའི་བསྡུར་ཚད10%ཡས་མས་ཡིན། དེ་མ་ཟད་མི་དར་མར་མཆིན་ནད་ཁ་པ་འགོས་རྗེས་གཙོ་བོ་མྱུར་གཤིས་ཅན་ལ་འགྱུར་བ་དང་། ཁོ་ཚོའི་ཁྲོད་ཀྱི་སྐོར་ཞིག་གི་ནད་དེ་མཆིན་པ་སྲ་འགྱུར་དུ་འགྱུར་སྲིད་ལ། ཉུང་ཤོས་ཤིག་གི་ནད་དེ་མཆིན་སྐྲན་དུ་འགྱུར་ཉེན་ཆེ། དེར་བརྟེན། གསར་སྐྱེས་ཕྲུ་གུ་དང་ཕྲུ་གུ་དམར་འབྱར་ལ་མཆིན་ནད་ཁ་པ་འགོ་བའི་ཉེན་ཁ་དེ་བས་ཚབས་ཆེན་ཡིན།

མཆིན་ནད་ཁ་པ་མ་བུའི་བར་འགོས་ཁྱབ་འགྲོ་རུ་མི་འཇུག་པའི་སྔོན་འགོག་བྱེད་ཐབས་གང་དག་ཡོད།

མཆིན་ནད་ཁ་པ་མ་བུའི་བར་འགོ་བ་སྔོན་འགོག་བྱེད་པའི་ཐབས་ལ་གཤམ་གསལ་འདི་དག་ཡོད་དེ།

(1)ཁྱད་པར་ཅན་གྱི་སྔོན་འགོག་བྱེད་ཐབས།

རང་འགུལ་གྱིས་རིམས་འགོག་བྱེད་ཐབས། མཆིན་ནད་ཁ་པའི་རིམས་འགོག་སྨན་ཁབ་ལ་བརྟེན་ནས་རང་འགུལ་གྱིས་རིམས་འགོག་བྱེད་ཐབས།

སྐྱེས་མ་ཐག་པའི་ཕྲུ་གུར་མཆིན་ནད་ཁ་པའི་རིམས་འགོག་ཟླུམ་རིལ་སྤྲི་དཀར་བརྒྱབ་སྟེ་མཆིན་ནད་ཁ་པའི་འགོག་སྨན་གཅིག་སྤྱོད་ཀྱིས་བརྒྱབ་སྟེ་རིམས་འགོག་བྱས་ན་མ་བུའི་བར་འགོ་ཚད87.8%ཀྱིས་འགོག་ཐུབ་པ་དང་། ནུས་རིན་གཉིས་མཐོའི་མཆིན་ནད་ཁ་པའི་རིམས་འགོག་ཟླུམ་རིལ་སྤྲི་དཀར་དང་མཆིན་ནད་ཁ་པའི་འགོག་སྨན་ཟུང་འབྲེལ་གྱིས་རིམས་འགོག་བྱས་ན་མ་བུའི་བར་འགོ་ཚད95%—97%འགོག་ཐུབ།

(2)ཁྱད་པར་ཅན་མ་ཡིན་པའི་སྔོན་འགོག་བྱེད་ཐབས།

ཕྲུ་གུ་མ་སྐྱེས་གོང་གི་འདྲི་རྩད་དང་། དཔྱད་དཔོག ཕྲུ་གུ་སྐྱེ་བའི་འཆར་གཞི་བཟོ་བ། མངལ་སྦྲུམ་པའི་སྐབས་ཀྱི་ལྟ་རྟོག་དང་སེམས་ཁམས་ལ་ཐུགས་ཁུར་བྱེད་པ་བཅས་ཡོད། མངལ་སྦྲུམ་པའི་སྐབས་སུ་གསུས་པར་བརྡབ་གསིག་དང་བཙིར་གནོན། ཕྲུ་མ་སྲུང་ཡོལ་སྲུང་སྐྱོབ་བྱེད་པའི་འཐུས་ཚང་རང་བཞིན་ལ་གཡོ་འགུལ་འབྱུང་དུ་འཇུག་མི་རུང་། ནུས་ཚོད་ཀྱིས་ཕྲུ་མ་བརྟོལ་བའི་བཅོས་ཐབས་སྤྱོད་མི་རུང་། ཕྲུ་གུ་སྐྱེ་སྐབས་སྐྱེ་ལམ་ལ་རྨ་ཁ་བཟོ་བར་སྔོན་འགོག་བྱེད་དགོས་ལ། དབུགས་འགག་པ་དང་མགོ་ཆུ་གཞིབ་པ་ཇེ་ཉུང་དུ་གཏོང་དགོས། སྐྱེ་ཐག་ཇེ་ཐུང་དུ་གཏོང་དགོས་ལ། སྐྱེས་མ་ཐག་པའི་ཕྲུ་གུར་ཨ་མའི་ཁྲག་འགོས་པའི་ཚད་ནུས་ཚོད་ཀྱིས་ཉུང་དུ་གཏོང་དགོས། ཕྲུ་གུ་སྐྱེས་རྗེས་མྱུར་དུ་སྦགས་བཙོག་གི་ཁོར་ཡུག་དང་ཁ་འབྲལ་དགོས་ཤིང་། ལམ་སང་འཁོར་སྐྱོད་ཆུ་དྲོན་གྱིས་གཙང་མར་བཀྲུས་ན། ནད་འགོས་པའི་གོ་སྐབས་ཉུང་དུ་འགྲོ་བ་རེད།

(3)ཉིང་ཀམ་རིགས་ཀྱི་ནད་དུག་འགོག་པའི་བཅོས་ཐབས་ཁ་གསབ་བྱེད་དགོས།

ནད་དུག་འགོག་པའི་སྨན་རྫས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་མཆིན་ཚད་ནད་དུག་འཕེལ་བ་བཀག་འགོག་བྱ་ཐུབ་པ་དང་། ནད་དུག་གི་འདུས་ཚད་ཉུང་དུ་གཏོང་ཐུབ་པ། མངལ་ནང་འགོས་ཁྱབ་འགྲོ་བ་ཇེ་ཉུང་དུ་གཏོང་ཐུབ།

མཆིན་ནད་ཁ་པའི་ནད་ཅན་གྱི་ཨ་མས་ཕྲུ་གུར་ནུ་མ་སྣུན་སྐབས་འཛེམ་བྱ་གང་དག་ཡོད།

སྐྱེས་རྗེས་མཆིན་པའི་ནུས་པ་རྒྱུན་ལྡན་ཡིན་པ་དང་། HBV-DNAསྲིབ་གཤིས་ཡིན་པ། ཕྲུ་གུར་མཆིན་ནད་ཁ་པའི་རིམས་འགོག་ཟླུམ་རིལ་སྤྲི་དཀར་དང་མཆིན་ནད་ཁ་པའི་འགོག་སྨན་བརྒྱབ་པའི་གནས་ཚུལ་འོག་ད་གཟོད་ནུ་མ་བསྣུན་ཆོག མཆིན་ནད་ཁ་པའི་ནད་དུག་ཅན་གྱི་ཨ་མས་ཕྲུ་གུ་སྐྱེ་སྐབས་ཟུང་འབྲེལ་རིམས་འགོག་སྨན་ཁབ་བརྒྱབ་ཡོད་ཚེ་ནུ་མ་བསྣུན་ཆོག ཡིན་ནའང་གལ་ཏེ་ཕྲུ་གུ་དམར་འབྱར་གྱི་ཁ་དང་གྲེ་བ་དང་མིད་ཐག ཕོ་རྒྱུའི་འབྱར་སྐྱི་སོགས་ལ་སྐྱོན་དང་རྨ་སོགས་ཡོད་ཚེ། ནུ་མའི་ནང་གི་མཆིན་ནད་ཁ་པའི་གཉན་ཚད་ཀྱི་ནད་དུག་ལ་བརྟེན་ནས་ཁྲག་གི་འཁོར་རྒྱུག་ནང་རྒྱུ་ལ། དེར་མ་ཟད་མཆིན་ནད་ཁ་པའི་ནད་དུག་འགོ་སྲིད། ཨ་མའི་ནུ་མགོ་གས་ཡོད་ཚེ་ནུས་ཚོད་ཀྱིས་བྱིས་པར་ནུ་མ་བསྣུན་མི་རུང་།

མཆིན་ནད་ཁ་པའི་ངོས་ཀྱི་འགོག་གཟུགས་གདགས་གཤིས་ཅན་གྱི་ཨ་མས་བཙས་པའི་ཕྲུ་གུ་ཞིག་ཡིན་ཕྱིན། སྐྱེས་རྗེས་ཀྱི་ཆུ་ཚོད24ནང་ལ་ཁྱིམ་བདག་གིས་གནས་ཚུལ་ཤེས་པ་དང་མོས་མཐུན་ཡོད་པའི་སྒོ་ནས། རིམ་པ་སོ་སོའི་མ་བུ་བདེ་སྲུང་ལས་ཁུངས་ཀྱིས་མཆིན་ནད་ཁ་པའི་རིམས་འགོག་ཟླུམ་རིལ་སྤྲི་དཀར་འདོན་སྤྲོད་བྱས་ཏེ། མ་བུའི་བར་གྱི་ནད་དུག་འགོག་ཚད་ཇེ་མཐོར་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།