རྒན་པའི་ཡི་མུག་ནད་པར་བདག་སྐྱོང་བྱེད་ཐབས།

རྒན་པའི་ཡི་མུག་ནད་ཅེས་པ་ནི་ལོ60ཡན་གྱི་རྒན་པར་བྱུང་བའི་ཡི་མུག་ནད་པ་ལ་གོ། གལ་ཏེ་ཁྱིམ་ཚང་དུ་ནད་པ་དེའི་རིགས་ཡོད་ན། ཁྱིམ་ཚང་གི་ཁོངས་མིས་ནད་གཞི་དེའི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པ་དང་། བདག་སྐྱོང་བྱེད་ཐབས་ཡང་དག་པ་ཁོང་དུ་ཆུད་པར་བྱེད་པ། ནད་པ་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པར་རམ་འདེགས་བྱེད་པ་བཅས་ཀྱིས། འཚོ་བའི་སྤུས་ཀ་ཇེ་མཐོར་གཏོང་དགོས།

གཅིག བློ་ཡུལ་ལས་འདས་པའི་དོན་རྐྱེན་འགོག་པ། རྒན་པའི་ཡི་མུག་ནད་པས་རང་སྲོག་གཅོད་པའི་ཉེན་ཁ་ཧ་ཅང་ཆེ་བས།ཁྱིམ་མིས་ནད་པའི་ནད་གཞི་ལ་བཅོས་སྐྱོང་ལེགས་པོ་བྱེད་པ་ལས་གཞན་ད་རུང་སེམས་ཁམས་ལ་ལྟ་རྟོག་ལེགས་པོ་བྱས་ཏེ།བློ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་བ་དང་ནད་པའི་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་ཁྱིམ་ཚང་བདག་སྐྱོང་གི་གཙོ་གནད་དུ་འཇོག་དགོས།ཁྱིམ་མིས་དུས་རྒྱུན་དུ་ནད་པའི་སེམས་ཁམས་ལ་དོ་སྣང་ལེགས་པོ་བྱེད་པ་དང་།ནད་པའི་བྱ་སྤྱོད་ལ་མཐོང་ཆེན་མཐོན་པོ་བྱེད་དགོས་ལ།རང་ཉིད་ལ་རྨས་སྐྱོན་བཟོ་བའི་ལག་ཆ་དང་ཡང་ན་སྨན་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་གྲས་སུ་བཞག་ནས་དོ་དམ་ལེགས་པོ་བྱེད་དགོས།

གཉིས། ལུགས་མཐུན་སྒོས་སྨན་འཐུང་བར་སྐུལ་འདེད་བྱེད་དགོས།ཁྱིམ་མིས་རྒྱུན་དུ་ནད་པར་ལུགས་མཐུན་གྱི་སྒོ་ནས་སྨན་འཐུང་དུ་འཇུག་དགོས་པ་དང་།ནད་པར་སྨན་རྫས་ལ་དོ་དམ་ལེགས་པོ་བྱེད་རོགས་བྱེད་དགོས་པར་མ་ཟད།ཁོར་སྨན་འཐུང་རྗེས་ཀྱི་ཚོར་སྣང་ཅི་འདྲ་ཡིན་པ་སོགས་ཀྱི་བསམ་བློ་བརྗེ་རེས་བྱེད་པ་དང་།སྨན་ཁ་ནང་དུ་བཟུང་ནས་མ་འཐུང་བའི་གནས་ཚུལ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས། སྨན་གྱི་ནུས་པ་དང་ཞོར་སྐྱོན་སོགས་ལ་བརྟག་དཔྱད་ལེགས་པོ་བྱས་ཏེ།དུས་ཐོག་ཏུ་སྨན་པར་ཡར་ཞུ་བྱེད་པ་དང་།གང་འདོད་དུ་སྨན་འཐུང་མཚམས་འཇོག་པའམ་ཡང་ན་ཇེ་ཉུང་དུ་གཏོང་བ་སོགས་མི་བྱེད་པར།ངེས་པར་དུ་སྨན་པའི་མངགས་བཅོལ་ལྟར་སྨན་རྫས་ལེགས་སྒྲིག་བྱེད་དགོས།

གསུམ། སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱེད་པ།ཁྱིམ་མིས་ནད་པར་ཐུགས་ཁུར་ལེགས་པོ་བྱེད་པ་དང་།དུས་རྒྱུན་དུ་བསམ་བློ་བརྗེ་རེས་བྱས་ཏེ།དེའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་ལ།དེར་བསམ་ཚུལ་ངོ་མ་དང་ལུས་པོའི་མི་བདེ་བའི་ཚོར་བ་སོགས་བཤད་དུ་བཅུག་ནས།ཁོར་མཐོང་ཆེན་བྱེད་ཀྱིན་པའི་ཚོར་སྣང་སྟེར་དགོས།ནད་པར་ཁེར་རྐྱང་དུ་ལུས་པ་དང་མཐོང་ཆེན་བྱེད་ཀྱིན་མེད་པའི་ཚོར་སྣང་ཡོད་དུ་འཇུག་མི་རུང་བར།དུས་ཐོག་ཏུ་ཁ་བརྡ་དང་སེམས་གསོ་བྱེད་དགོས།ནད་པས་རང་ཉིད་དང་འཚམ་པའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པར་རམ་འདེགས་བྱེད་པ་དང་།ཚད་དང་རན་པའི་ལུས་སྦྱོང་བྱས་ཏེ།ཡི་མུག་པའི་སེམས་ཁམས་སེལ་རོགས་དང་ལུས་པོ་བདེ་ཐང་ཡོང་བར་སྐུལ་འདེད་བྱེད་དགོས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།