ཁྱོད་ཀྱིས་པྲོག་གསར་ནད་དུག་གི་སྣོན་ཁབ་འགོག་སྨན་བརྒྱབ་ཡོད་དམ།

སྣོན་ཁབ་ཟེར་བ་དེ་ཅི་ཞིག་ཡིན་ནམ།

སྣོན་ཁབ་རྒྱག་པ་ནི་གཟབ་ནན་གྱིས་སྒོ་ནས་བཤད་ན་རིམས་འགོག་ལ་ཤུགས་སྣོན་པ་ཡིན་ལ། རྒྱུན་ལྡན་གྱི་གོ་རིམ་ལྟར་རིམས་འགོག་སྨན་ཁབ་བརྒྱབ་རྗེས། འགོག་ནུས་ཐོན་པའི་གནས་ཚུལ་ལ་གཞིགས་ནས་ཁ་གསབ་འགོག་ཁབ་བརྒྱབ་སྟེ། མིའི་ལུས་པོའི་བབ་མཐུན་གྱི་ནད་རིགས་འགོག་པའི་ནུས་པ་འཛིན་པའི་སྨན་ཁབ་བསྟེན་ཚད་ལ་ཟེར། དེང་གི་དུས་རིམ་ནང་རང་ཞིང་གིས་བཀོལ་སྤྱོད་བྱེད་བཞིན་པའི་པྲོག་གསར་རིམས་འགོག་སྨན་ཁབ་གཉིས་པ་བརྒྱབ་རྗེས། མིའི་ལུས་པོའི་འགོག་གཟུགས་གྲུབ་ཚད་མར་ཆག་པའི་གནས་ཚུལ་ལ་གཞིགས་ནས་ཡང་བསྐྱར་སྨན་ཁབ་ཅིག་རྒྱག་པ་དེ་ལ་ཟེར།

སྣོན་ཁབ་རྒྱག་དགོས་པའི་རྒྱུ་མཚན་ཅི།

རིམས་འགོག་སྨན་ཁབ་བརྒྱབ་རྗེས། དུས་ཡུན་རིང་པོ་འགོར་བར་བསྟེན་མི་ཁ་ཤས་ཤིག་གི་པྲོག་གསར་ནད་དུག་རིམས་འགོག་ནུས་པ་མར་ཆག་ནས། འགོག་སྨན་གྱི་འགོག་ཤུགས་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་སྣོན་ཁབ་རྒྱག་དགོས། རིམས་འགོག་ནུས་པར་ཤུགས་བསྣན་རྗེས་ནུས་པ་ཇེ་ཞན་དུ་འགྲོ་བ་དག་ལ་འགོག་གཟུགས་ཐོན་ནས་སྲུང་སྐྱོང་གྲུབ་འབྲས་སྔར་ལས་བཟང་ཞིང་། མི་ཚོགས་ལ་འགོས་པ་དང་རིམས་ནད་མཆེད་ཚུལ་ནུས་ལྡན་སྒོས་འགོག་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

སྣོན་ཁབ་དེ་བདེ་འཇགས་ཡིན་ནམ།

ཉེ་ལམ། པེ་ཅིན་སྐྱེ་དངོས་ཐོན་རྫས་ཞིབ་འཇུག་སའོ་དང་པེ་ཅིན་ཚན་དར་སྐྱེ་དངོས་ཐོན་རྫས་ཚད་ཡོད་ཀུང་སིས་པྲོག་གསར་རིམས་འགོག་སྣོན་ཁབ་ཞིབ་འཇུག་བྱས་པའི་མཇུག་འབྲས་ཏེ། སྨན་ཁབ་ཐེངས་གསུམ་པ་རྒྱག་པ་དེ་རིམས་འགོག་སྨན་ཁབ་དང་པོ་དང་གཉིས་པ་ནང་བཞིན་བདེ་འཇགས་ཡིན་པ་ཁྱབ་སྒྲོག་བྱས།

མི་ཚོགས་གང་དག་ལ་སྣོན་ཁབ་རྒྱག་དགོས་སམ།

རྒྱལ་ཁབ་དང་རང་ཞིང་གི་བཀོད་སྒྲིག་ལྟར། དེང་གི་དུས་རིམ་ནང་སྣོན་ཁབ་དེ་པྲོག་གསར་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ནས་ཟླ6འགོར་བའི་མི་ཚོགས་གལ་ཆེན་ལ་སྔོན་དུ་ལག་བསྟར་བྱེད་དགོས་པ་སྟེ། གཙོ་བོ་གནམ་གྲུ་འབབ་ཐང་དང་། གྲུ་ཁ། མཐའ་མཚམས་ཞིབ་བཤེར། སྨན་ཁང་སོགས་སུ་ལས་ཀ་གཉེར་བའི་ས་ཁུལ་གྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་སྐྱོད་ལ་འགན་སྲུང་བྱེད་པའི་འགག་རྩའི་ལས་རྐང་ཐོག་གི་མི་ཚོགས། དེ་མིན་ལོ60ཡན་གྱི་མི་ཚོགས་སོགས་ལ་རྒྱག་དགོས།

སྣོན་ཁབ་བརྒྱབ་ན་འཛེམ་དགོས་ས་ཡོད་དམ།

པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ན་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་དཔྱད་གཞིར་འཛིན་དགོས། རྒྱུན་ལྡན་གྱི་འགོག་སྨན་ལ་འཛེམ་དགོས་པ་དཔེར་ན།(1)འགོག་སྨན་དང་འགོག་སྨན་གྱི་གྲུབ་ཆར་སྨན་ལོག་འབྱུང་མཁན་དག (2)དོས་དྲག་རང་བཞིན་གྱི་ནད་བྱུང་བའི་ནད་པ།(3)དལ་གཤིས་རང་བཞིན་གྱི་རིམས་ནད་བྱུང་བའི་ནད་པར་དོས་དྲག་རང་བཞིན་གྱི་ནད་བྱུང་བའི་སྐབས།(4)ཚ་རྒྱག་པའི་ནད་པ།(5)མངལ་ཆགས་པའི་བུད་མེད། མི་སྒེར་གྱི་ལུས་པོའི་གནས་ཚུལ་ལྟར་སྨན་ཁབ་རྒྱག་མཁན་གྱི་སྨན་པར་འགོག་སྨན་རྒྱག་ཆོག་མིན་དྲིས་ཆོག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།