ཀྲུང་གོ་བོད་ཀྱི་དྲ་བ།

ཆམ་ནད་ཕོག་པའི་སྐབས་སུ་སྨན་ཇི་ལྟར་གདམ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་མང་ཆེ་ཤོས་ཀྱིས་ཆམ་ནད་ཅེས་པའི་རྒྱུན་མཐོང་གི་ནད་རིགས་འདི་ལ་གོ་བ་ཟབ་མོ་མ་ལོན་པར། ནོར་འཁྲུལ་གྱི་ལྟ་བ་གང་མང་བཟུང་ཡོད། དོན་དངོས་སུ་ཆམ་ནད་དང་ཆམ་རིམས།དབུགས་ལམ་སྟོད་མའི་རེད་པ་བཅས་ནི་ནད་རིགས་མི་འདྲ་བ་སོ་སོ་ཡིན་པས།ཚང་མས་ངོས་འཛིན་ཡང་དག་ཅིག་བྱེད་རྒྱུ་ཤིན་ཏུ་གལ་ཆེ། གཤམ་ནས་ཆམ་ནད་ཕོག་པའི་སྐབས་སུ་སྨན་ཇི་ལྟར་བསྟེན་དགོས་པ་ངོ་སྤྲོད་བྱ་རྒྱུ།

ནད་རྟགས་མི་འདྲ་བར་དམིགས་ནས་སྨན་རིགས་མི་འདྲ་བ་གདམ་དགོས་ཤིང་། སྨན་གདམ་པའི་སྐབས་སུའང་མཉམ་འཇོག་དང་དོ་སྣང་གང་ལེགས་བྱེད་དགོས།

ཚ་རྒྱས་པ་དང་མགོ་ན་བའི་སྐབས་སུ་ཚ་གཟེར་འཇོམས་སྨན་གདམ་དགོས། དེ་ཡང་སྨན་པའི་ངག་བཞིན་བསྟེན་པ་ལས་གང་འདོད་དུ་བསྟེན་མི་རུང་། ཚ་གཟེར་འཇོམས་སྨན་བསྟེན་ན་ལུས་སྟེང་གི་ཚ་བ་ཞི་ཞིང་ཤ་གནད་ན་བ་དང་མགོ་བོ་ན་བ་སོགས་ཀྱི་ནད་རྟགས་ཇེ་ཉུང་དུ་གཏོང་ཐུབ།

སྣ་སུབས་དུས་མཚེ་ལྡུམ་བུལ་རྫུས་མ(伪麻黄碱)གདམ་དགོས། ཆམ་ནད་ནི་དབུགས་ཀྱི་བརྒྱུད་ལམ་སྟེ་མིད་པར་འགོ་བའི་ནད་རིགས་ཤིག་ཡིན་ལ། སྣ་ཁུང་སྐྱི་ཁྲག་གིས་སྣ་སུབས་པ་དང་། སྣ་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། དེ་བཞིན་དུ་སྣ་ཁུང་སྐྱི་ཁྲག་གསོ་བྱེད་དུ་མཚེ་ལྡུམ་བུལ་རྫུས་མ་བདམས་ན་ལེགས་ཤིང་།སྨན་དེ་བསྟེན་ན་སྣ་སུབས་པ་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད།ད་དུང་སྣ་ཁུང་སྐྱི་ཁྲག་ལ་ཁྲག་འདང་ངེས་ཤིག་འདོན་སྤྲོད་བྱེད་པ་དང་སྣ་སུབས་པའི་ནད་རྟགས་མེད་པར་བཟོ་ཐུབ།

ཧབ་སྦྲིད་བྱེད་དུས་ཕུའུ་ཨེར་མེ(扑尔敏)གདམ་དགོས། ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་ཆན་ནད་བྱུང་བའི་སྐབས་སུ་ཧབ་སྦྲིད་བྱེད་པའམ་ཡང་ན་སྣ་ཆུ་འཛག་པ། མིག་ཆུ་བཞུར་བ་སོགས་བྱེད་ལ།ནད་དེ་རིགས་འགོག་པའི་ཐད་ལ་མཱ་ལེ་སོན་ལུའུ་པིན་ན་མེན(马来酸氯奔那敏)དང་ཕུའུ་ཨེར་མེ(扑尔敏)། ཡང་ན་པིན་ཧའེ་ལ་མེན(奔海拉明)སོགས་བསྟེན་ཚེ་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ།

གློ་ལུ་རྒྱག་དུས་ཡིའུ་མེ་ཧྲ་ཧྥེང(右美沙芬)གདམ་དགོས། དབུགས་ཀྱི་བརྒྱུད་ལམ་གོང་མར་རེད་པ་བྱུང་ན་རྒྱུན་པར་ཟ་འཕྲུག་འབྱུང་བ་དང་གློ་ལུ་རྒྱག་པའི་སྣང་ཚུལ་འབྱུང་བ་རེད། ཆམ་ནད་ཀྱི་རིགས་ལ་སྨན་སྣ་མང་པོ་ཡོད་རུང་། ཡིའུ་མེ་ཧྲ་ཧྥེང(右美沙芬)ནི་ང་ཚོས་རྒྱུན་མཐོང་གི་གློ་ལུ་འཇགས་པའི་སྨན་རྫས་ཤིག་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།