ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བའི་གོམས་སྲོལ་དང་བདེ་ཐང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲའེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེ་ཁང་གཉིས་པའི་ནང་དུ་ལོ་ན103ལ་སོན་པའི་ཨ་མ་རྒན་མོ་ཞིག་འདུག ང་ཚོ་མོ་དང་འཕྲད་སྐབས། མོ་རང་ས་གནས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་དེའི་ནང་དུ་བསྡད་དེ་ལོ10འགོར་ཡོད་ལ། ལོ93ནས་ལོ103བར་གྱི་ལོ་ངོ་བཅུ་ཡི་རིང་ལ་མོ་རང་ཕན་བདེ་ཁང་དེའི་ནང་གི་ལོ་ན་ཆེས་མཐོ་བའི་རྒན་པར་གྱུར་ཡོད།

གཅིག དཔེ་ཀློག་ལ་དགའ་བ།

“ཚགས་པར་ལ་ལྟ་བ་ནི་ངའི་དགའ་ཕྱོགས་ཆེས་བཟང་པོ་དེ་ཡིན། ཉིན་གཅིག་གི་ཚགས་པར་ལ་མ་བལྟས་ནའང་སེམས་ཀྱི་ག་ཤེད་ཅིག་ནས་མི་བདེ་བར་འདུག”ཨ་མ་རྒན་མོས་དེ་ལྟར་བཤད་པ་དང་། 1999ལོར་མིག་གཡོན་པར་མིག་ནད་ལིང་ཏོག་གི་གཤག་བཅོས་བྱས་རྗེས། ཚགས་པར་ཀློག་པའི་གོམས་སྲོལ་དེ་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་པ་བྱུང་། ཁོ་མོ་རྒན་གསོ་ཁང་གི་ནང་དུ་བསྡད་པའི་ལོ་ངོ10ཡི་རིང་ལ། ལོ་རེ་རེར་ཆག་མེད་དུ་ཚགས་པར་མངགས་ཉོ་བྱས་པ་དང་། ཉོ་ཐེངས་རེར་རིགས་མི་འདྲ་བའི་ཚགས་པར་བཞི་ལྔ་རེ་ཉོ་བཞིན་འདུག

ལས་འཁྱུར་ངལ་གསོ་མ་བྱས་པའི་སྔོན་ལ། ཁོ་མོས་སྦྲག་སྲིད་ཁང་གི་ནང་དུ་བྱ་བ་བསྒྲུབས་པ་དང་། ཚགས་པར་དང་དུས་དེབ།སྦྲག་འཛིན་སོགས་ཉོ་རོགས་བྱེད་རྒྱུ་ནི་མོའི་ལས་ཀ་ཡིན་ལ།སྦྲག་སྲིད་དང་འབྲེལ་བའི་ལས་ཀ་ཡོད་ཚད་ལ་བྱང་ཆ་ཆེན་པོ་ལྡན།ཚགས་པར་དང་དུས་དེབ་ལ་བལྟ་རྒྱུར་དགའ་བའི་གོམས་སྲོལ་དེའང་དུས་དེ་ནས་བཟུང་ཆགས་པ་འདྲ།

གཉིས། འཚོ་བར་དགའ་ཞེན་ཆེ་བ།

དཔེ་ཀློག་ལ་དགའ་བའི་ཨ་མ་རྒན་མོ་དེ་རྩོམ་ཡིག་དང་ཉིན་ཐོ། དྲན་ཐོ་སོགས་འབྲི་རྒྱུར་ཡང་ཤིན་ཏུ་དགའ།མོས་རྒྱུན་དུ་རྒན་གསོ་ཁང་གི་མཐོང་ཐོས་མྱོང་གསུམ་ཟིན་ཐོར་འགོད་བཞིན་འདུག མོས་བཤད་ན་དེ་ནི“བྱ་བ་གང་ཞིག་བརྗེད་པར་དོགས་ནས། གོམས་སྲོལ་དེ་ལྟ་བུ་ཞིག་ཆགས་སུ་བཅུག་པ་ཡིན”ཟེར།

ཨ་མ་རྒན་མོ་དེས་སྔས་མགོར་སྒམ་ཆུང་ཞིག་བཞག་འདུག་པ་དང་། དེའི་ནང་དུ་མིག་སྨན་དང་སྨྱུ་གུ། གཏུབ་གྲི། ཤོག་བུ་སོགས་ཡོད་ལ། ཤོག་བུ་ཞིག་གི་སྟེང་དུ་ཟློས་གར84དང་གླུ་དབྱངས88ལ་སོགས་པ་བྲིས་འདུག མ་གཞི་དེ་ནི་མོ་རང་བལྟ་རྒྱུར་དགའ་བའི་བརྙན་འཕྲིན་གྱི་འཕྲིན་ལམ་རེད། རང་ཉིད་བལྟ་རྒྱུར་དགའ་བའི་འཕྲིན་ལམ་དེ་བཙལ་བདེ་བའི་ཆེད་དུ་མོས་འཕྲིན་ལམ་དེའི་ཁ་གཏད་ཀྱི་རྒྱང་འཛིན་འཕྲུལ་ཆས་སྟེང་གི་ཨང་ཀི་ཟིན་ཐོར་བཀོད་འདུག དེ་ནི་མོའི་འཚོ་བའི་བློ་གྲོས་ཤིག་ཅི་ལ་མིན།

གསུམ། རྒྱུན་དུ་སོ་བཀྲུ་བ།

“བུ་མོ་གཟའ་འཁོར་རེ་རེ་བཞིན་ང་ལ་བལྟ་རུ་འོང་བ་དང་།ཡོང་ཐེངས་རེར་ང་རང་དགའ་བའི་ཟ་མ་དག་ཁྱེར་འོང་གིན་འདུག”ཨ་མ་རྒན་མོ་དེས་ང་ཚོར་དེ་ལྟར་བཤད་པ་དང་། བུ་མོས་ལས་པའི་ཆུ་མོག་ནི་མོ་རང་ཆེས་དགའ་བའི་ཟ་མ་ཡིན་པས། རྒྱུན་དུ་རེ་སྒུག་བྱས་འདུག དེས་མི་ཚད་མོ་ད་རུང་བུ་མོས་ལས་པའི་བརྒྱད་འཛོམས་འབྲས་ཐུག་དང་ཤ་མ་ཚིལ་བཟའ་རྒྱུར་ཡང་ཤིན་ཏུ་དགའ།

ཨ་མ་རྒན་མོ་དེ་ལོ་ན103ལ་སོན་ཡོད་ནའང་རྣམ་རིག་ཧ་ཅང་གསལ། དེ་ནི་མོའི་དུས་རྒྱུན་གྱི་འཚོ་བའི་གོམས་སྲོལ་ལེགས་པོ་དང་འབྲལ་ཐབས་མེད།མོས་རྒྱུན་དུ་ཞོགས་ཟས་རྒྱགས་ཐག་ཆོད་པ་ཞིག་ཟོས་རྗེས།གུང་ཟས་དང་དགོང་ཟས་ཉུང་བཟའ་བྱས་ཏེ་ཚོད་འཛིན་ལེགས་པོ་བྱེད་ཀྱིན་འདུག དུས་རྒྱུན་གྱི་འཚོ་བའི་ཁྲོད་མོ་རང་ཆེས་དགའ་བའི་ཟས་རིགས་ནི་ཤ་སོགས་ཀྱི་སྣུམ་ཟས་མ་ཡིན་པར་ཏུང་ཀྭ་དང་ནན་ཀྭ། སྔོ་ཚོད་སོགས་རེད།

སོ་བཀྲུ་རྒྱུར་དགའ་བའི་གོམས་སྲོལ་ལེགས་པོ་དེའི་འབྲས་བུས་ཨ་མ་རྒན་མོ་དེའི་ཁ་ནང་གི་སོ་ནི་གཅིག་ཀྱང་མ་ལྷུང་བར་ད་རུང་ཆ་ཚང་བར་འདུག ཟ་མ་ཟ་ཐེངས་རེར་མོས་དུས་ཐོག་ཏུ་སོ་བཀྲུས་ཏེ་ཁ་སྦུག་གི་གཙང་སྦྲར་དོ་སྣང་ལེགས་པོ་བྱས་པ་དང་། སོ་འཁྲུད་སྐབས་ཆུ་དྲོད་འཇམ་སྤྱོད་པ་དང་བཀྲུ་ཐེངས་རེར་སྐར་མ་གཉིས་ཀྱི་ཡན་ལ་འཁྲུད་བཞིན་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།