ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ཨེ་ཙིའི་ནད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨེ་ཙིའི་ནད་ནི་གནོད་འཚེ་ཤིན་ཏུ་ཆེ་བའི་འགོས་ནད་ཀྱི་རིགས་ཤིག་ཡིན་ལ། ཨེ་ཙིའི་ནད་ཀྱི་ནད་དུག(HIVནད་དུག)རེད་པ་ལས་བྱུང་བའི་ནད་རིགས་ཤིག་རེད། HIVནི་མིའི་ལུས་ཕུང་གི་རིམས་འགོག་མ་ལག་ལ་གཏོར་བརླག་གཏོང་བའི་ནད་དུག་གི་རིགས་ཤིག་ཡིན་པ་དང་། དེས་མིའི་ལུས་ཕུང་གི་རིམས་འགོག་མ་ལག་ཁྲོད་ཆེས་གལ་ཆེ་བའིCD4+Tཡི་རྨེན་བུ་ཕྲ་ཕུང་ལ་གཏོར་བརླག་བཏང་སྟེ། མིའི་ལུས་ཕུང་གི་རིམས་འགོག་ནུས་པ་མེད་པར་གཏོང་བ་རེད། དེ་བས། མིའི་ལུས་ཕུང་ལ་ནད་རིགས་སྣ་ཚོགས་འགོ་སླ་བར་མ་ཟད། འབྲས་སྐྲན་ཡང་འབྱུང་སྲིད་ལ། ནད་ཕོག་ནས་ཤི་བའི་ཚད་ཀྱང་ཅུང་མཐོ། ཨེ་ཙིའི་ནད་དེ་རང་རྒྱལ་གྱི་རིགས་ཁ་པའི་ཁྲིམས་བཀོད་འགོས་ནད་ནང་དུ་ཚུད་ཡོད།

སྤྱིར་བཏང་དུ་ཐོག་མའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་ནད་དང་ཆམ་རིམས་དང་འདྲ་ལ། ལུས་ཡོངས་ལ་སྟོབས་ཤུགས་མེད་པ་དང་ཐང་ཆད་པ། ཡི་ག་མེད་པ། ཚ་རྒྱས་པ་སོགས་ཀྱི་སྣང་ཚུལ་འབྱུང་། ནད་ཇེ་ལྕི་རུ་སོང་བ་དང་བསྟུན་ནས། ནད་རྟགས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན། སྐྱི་པགས་དང་འབྱར་སྐྱི་ལ་འོད་དཀར་ཟླུམ་སྲིན་རེད་པ་དང་རྐྱང་པའི་ཆུ་འབྲུམ། ཐག་དབྱིབས་ཆུ་འབྲུམ། སྨུག་ཁྲ་དང་ཁྲག་ཐོར། ཁྲག་གསོག་ཁྲ་ཐིག་སོགས་ཀྱི་ནད་རྟགས་འབྱུང་ལ། དེའི་རྗེས་སུ་རིམ་གྱིས་དོན་ལྔའི་དབང་པོར་གནོད་པ་ཐེབས་ནས། འབྱུང་རྐྱེན་མི་གསལ་བའི་རྒྱུན་མཐུད་རང་བཞིན་གྱི་ཚ་རྒྱས་ཏེ་ཟླ་བ3ནས4རིང་ལ་ཡུན་བསྲིང་བར་མ་ཟད། ད་དུང་མཐོང་དཀོན་པའི་ནད་རིགས་འགའ་འབྱུང་སྲིད། དཔེར་ན། གློ་བའི་ཐུམ་རྡུལ་འབུ་དང་གཞུ་དབྱིབས་གཟུགས་ཀྱི་ནད། གློ་བའི་ཚ་ནད་རང་བཞིན་གྱི་ཡལ་གའི་ནར་སྲིན་དང་སྨར་སྲིན་སོགས་ལྟ་བུ། ནད་ཐོག་ནད་རྟགས་ནི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་ཞིག་ཡིན་མོད། འོན་ཀྱང་ནད་པ་ཚང་མར་གོང་དུ་བཤད་པའི་ནད་རྟགས་ཡོད་ཚད་འབྱུང་བའི་ངེས་པ་མེད།

ཨེ་ཙིའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

མིག་སྔར་ཨེ་ཙིའི་ནད་སྔོན་འགོག་བྱེད་པའི་འགོག་སྨན་མེད་པས། སྔོན་འགོག་གི་བྱེད་ཐབས་སྤྱོད་པ་ནི་ཆེས་གལ་ཆེ་བ་ཞིག་རེད།

རང་ལུས་ལ་གཙང་སྦྲ་དང་བདག་སྐྱོང་ལེགས་པོ་བྱེད་པ། གཞང་འཚོང་དང་འཆལ་སྤྱོད་ལ་འཛེམ་པ། གཉེན་སྒྲིག་མ་བྱས་སྔོན་དང་བཟའ་ཚང་གི་ཕྱི་ནས་འཁྲིག་སྤྱོད་བྱེད་པར་གཡོལ་དགོས།

དུག་རྫས་འཐེན་པ་གཏན་འགོག་དང་མི་གཞན་དང་མཉམ་དུ་ཁབ་རྒྱག་ཡོ་ཆས་གཅིག་མི་བཀོལ་བ་བྱེད་དགོས།

རང་དགར་ཁྲག་མི་རྒྱག་པ་དང་ཁྲག་རྫས་མི་བཀོལ་བ་དང་།དགོས་ངེས་བྱུང་ན་སྨན་པའི་མཛུབ་སྟོན་འོག་ཏུ་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ།

སོ་ཤད་དང་ཁ་སྤུ་བཞར་གྲི་སོགས་མི་སྒེར་གྱི་སྤྱོད་རྫས་གཡར་སྤྱོད་དང་ཡང་ན་མཉམ་སྤྱོད་བྱེད་མི་རུང་།

སྲུང་ཤུབས་བཀོལ་བ་ནི་འཁྲིག་སྤྱོད་འཚོ་བའི་ཁྲོད་ཆེས་ཕན་ནུས་ལྡན་པའི་མཚན་ནད་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་སྟངས་ཤིག་རེད།

ཐད་ཀར་ཨེ་ཙིའི་ནད་པའི་ཁྲག་དང་ཁུ་བ། འོ་མ་དང་གཅིན་སོགས་ལ་མི་རེག་པར་དེའི་ཁྱབ་ལམ་གྱི་རྒྱུན་ཐག་གཅོད་དགོས།

ཨེ་ཙིའི་ནད་པར་འཐམ་འཁྱུད་དང་ལག་འཇུ་བྱས་ན་ཨེ་ཙིའི་ནད་འགོ་སྲིད་དམ།

ཨེ་ཙིའི་ནད་ཀྱི་ཁྱབ་ལམ་གཙོ་བོ་གསུམ་ནི་མ་བུ་བརྒྱུད་ནས་འགོ་བ་དང་ཁྲག་ལམ་ནས་འགོ་བ། མཚན་མའི་ལམ་ནས་འགོ་བ་བཅས་ཡིན། དེའི་ཁྲོད་དུ་མཚན་མའི་ལམ་ནས་འགོ་པ་ནི་ཨེ་ཙིའི་ནད་ཀྱི་ཁྱབ་ལམ་གཙོ་བོ་ཡིན།

མིའི་ལུས་སྟེང་ན་གཤེར་ཁུ་སྣ་ཚོགས་ཡོད་ལ། གལ་སྲིད་དེའི་སྟེང་དུ་མ་གཞི་ནས་རྨེན་བུའི་གཤེར་ཁུ་ཡོད་པ་དང་ཡང་ན་རྨེན་བུའི་ཕྲ་ཕུང་ལ་འབྲེལ་འདྲིས་བྱུང་སླ་ཚེ། གཤེར་ཁུ་དེ་རིགས་ལ་ནད་འགོ་སྲིད། ཡིན་ཡང་གལ་ཆེ་བའི་དོན་དངོས་ཤིག་ནི་ཁ་ཆུ་དང་མཆི་མའི་ཁྲོད་དུ། ནད་དུག་འགོ་བའི་གོ་སྐབས་ཧ་ཅང་ཕྲ་བར་མ་ཟད། དེའི་ཁྲོད་ཀྱི་ནད་དུག་གི་གར་ཚད་ཡང་ཧ་ཅང་དམའ། ཨེ་ཙིའི་ནད་པ་ཁ་ཤས་ཀྱི་ཁ་ཆུ་དང་མིག་ཆུའི་ཁྲོད་དུ་ནད་དུག་བརྟག་འཇལ་བྱེད་ཐུབ་ནའང་། གཤེར་ཁུ་དེ་གཉིས་ནི་ནད་འགོ་བའི་མགོ་ཁུངས་སུ་འགྱུར་བའི་ངེས་པ་མེད། དོན་དངོས་སུ། གལ་སྲིད་ནད་དུག་འགོས་ཚེ། ངེས་པར་དུ་ནད་དུག་འགོ་མཁན་གྱི་རྨེན་བུའི་ཕྲ་ཕུང་དུ་བརྒྱུད་པར་མ་ཟད། ཁྲག་ལམ་བརྒྱུད་ནས་ལུས་ཡོངས་སུ་འགོ་བ་རེད། ཁ་ཆུ་དང་ཡང་ན་མཆི་རྨེན་གོང་དུ་བཤད་པའི་ཚད་དུ་སླེབས་ཀྱང་རུང་། སྤྱིར་བཏང་དུ་ནད་དུག་འགོ་སླ་བའི་གོ་སྐབས་ནི་མེད། དེ་བས་འོ་བྱེད་པ་དང་ལག་འཇུ་བྱེད་པ། འཐམ་འཁྱུད་བྱེད་པ་ནི་ཨེ་ཙིའི་ནད་ཀྱི་ཁྱབ་ལམ་མིན་པས། ཨེ་ཙིའི་ནད་པར་འཐམ་འཁྱུད་དང་ལག་འཇུ་བྱས་ན་ཨེ་ཙིའི་ནད་འགོ་མི་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།