ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་ཚད་ལ་དབྱེ་ན་གང་དག་ཡོད། འགོས་ནད་ཀྱི་ཐབས་ལམ་གཅིག་འདྲ་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆིན་ཚད་ལ་རིགས5ཡོད་དེ། དེའི་ཁྲོད་མཆིན་ཚད་ཀ་པ་དང་མཆིན་ཚད་ཁ་པའི་རིགས་ནི་རྒྱུན་མཐོང་གི་རིགས་ཡིན།

མཆིན་ཚད་ཀ་པ། མཆིན་ཚད་ཀ་པ་ནི་མཆིན་ནད་ཀ་པའི་འབྱུང་ཁུངས་གཙོ་བོ་ཡིན། བྱིས་པའི་ཁྲོད་དུ་མཁྲིས་སེར་མེད་པ་རིགས་མཐོང་རྒྱུ་མང་ལ། གཟའ་འཁོར2ནས6བར་ནད་རྟགས་ཕྱིར་མི་མངོན་པ་རེད། བཤང་བའི་ནང་དུ་རེད་པ་ནི་མཆིན་ནད་ཀ་པ་ཁྱབ་པའི་བརྒྱུད་ལམ་གཙོ་བོ་ཡིན། རྒྱུན་ལྡན་གྱི་འཚོ་བའི་འབྲེལ་འདྲིས་ནི་འགོས་ལམ་གཙོ་བོ་ཡིན་པ་དང་། ཐུན་མོང་གི་ལས་ཁུངས་ཏེ། དཔེར་ན།བུ་བཅོལ་ཁང་དང་བྱིས་སྙོར་ཁང་།སློབ་གྲྭ་སོགས་སུ་མཆིན་ནད་ཀ་པ་འབྱུང་ཚད་ཅུང་མཐོ་བ་རེད།

མཆིན་ཚད་ཁ་པ། མཆིན་ཚད་ཁ་པ་ཕོག་པའི་ནད་པ་དང་མཆིན་ནད་ཁ་པའི་ཕྱི་ངོས་འགོག་རྫས་འཁྱེར་མཁན་ནི་འགོ་ཁུངས་གཙོ་བོ་ཡིན། ཟླ1ནས6བར་ནད་རྟགས་ཕྱིར་མི་མངོན། གཙོ་བོ་སྨན་ཁབ་དང་ཁྲག་རྒྱག་པ། འཚོ་བའི་འབྲེལ་འདྲིས་དམ་པོ(གཅིན་སྐྱག ཁ་ཆུ། འོ་མ། གཅིན་པ།ཟགས་ཐོན་དངོས་རྫས། རྔུལ་ཆུ་སོགས)དང་འཁྲིག་སྤྱོད་བྱས་པ་བརྒྱུད་ནས་འགོ་བ་རེད། ང་ཚོས་ད་དུང་མ་བུའི་བར་དུ་མཆེད་པར་དོ་སྣང་བྱེད་དགོས་པ་སྟེ། ཨ་མར་མངལ་སྦྲུམ་པའི་མཇུག་ཏུ་མཆིན་ནད་ཁ་པ་ཕོག་པའམ་འགོག་རྫས་འཁྱེར་མཁན་ཞིག་ཏུ་གྱུར་ཚེ། སྐྱེ་ལམ་དང་བུ་རོགས་བརྒྱུད་ནས་ཕྲུ་གུ་ལ་འགོ་སླ་བས་ཕྲུ་གུ་ནད་པར་གྱུར་པ་རེད།

རྒྱུ་ལམ་ཀ་མིན་ཁ་མིན་མཆིན་ཚད(མཆིན་ཚད་ག་པའང་ཟེར།) འགོ་ནད་ཀྱི་འབྱུང་རྩ་ནི་མཆིན་ཚད་ནད་པ་ཡིན་ལ། ཟླ1ནས6བར་ནད་རྟགས་ཕྱིར་མི་མངོན། འགོ་ཁྱབ་བྱེད་སྟངས་གཙོ་བོ་ནི་སྨན་ཁབ་རྒྱག་པ་དང་ཁྲག་རྒྱག་པ།འཚོ་བར་འབྲེལ་འདྲིས་དམ་པོ་ཡོད་པ།མ་བུའི་བར་དང་འཁྲིག་སྤྱོད་ཐད་ནས་འགོ་ཁྱབ་བྱེད་ཀྱིན་ཡོད། རིགས་འདི་ནི་དལ་གཤིས་མཆིན་ཚད་དུ་འགྱུར་སླ།

མཆིན་ཚད་ང་པ། མཆིན་ཚད་ང་པའི་ནད་དུག་ནི་མཆིན་ཚད་ཁ་པའི་ནད་པ་ལས་མི་འགོ་བ་དང་།མཆིན་པ་དང་སྙིད་ནད་ཇེ་ལྗིད་དུ་འགྲོ་བ་དང་། ནད་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་ཡུན་ཐུང་ངུའི་ནང་མགྱོགས་མྱུར་ངང་མཆིན་པ་སྲ་འགྱུར་འབྱུང་བཞིན་ཡོད། ཟླ1ནས6བར་ནད་རྟགས་ཕྱིར་མི་མངོན། གཙོ་བོ་ནི་སྨན་ཁབ་རྒྱག་པ་དང་ཁྲག་རྒྱག་པ། འཚོ་བའི་འབྲེལ་གཏུག་དམ་ཟབ་བྱེད་པ་དང་དེ་བཞིན་མ་བུའི་བར་ཐད་ཀར་འགོ་བ་སོགས་ཀྱི་གནས་ཚུལ་ཡོད་པས། ཁྱིམ་ཚང་དུ་མི་མང་པོ་འདུས་པ་ལས་འགོ་བའི་སྣང་ཚུལ་ཐོན་གྱིན་ཡོད།

རྒྱུ་ལམ་ཀ་མིན་ཁ་མིན་མཆིན་ཚད། ནད་འདིའི་ཁྱད་ཆོས་ནི་ནད་རྟགས་མི་མངོན་པའི་དུས་ཡུན་ཐུང་བ་དང་གཟའ་འཁོར2ནས8ཡིན།དེ་ནི་བཤང་བ་དང་དབུགས་ལམ་བརྒྱུད་དེ་འགོ་བཞིན་ཡོད་པས་མཆེད་ཚུལ་ཧ་ཅང་མགྱོགས། ལྷག་པར་དུ་མངལ་སྦྲུམ་ནས་ཟླ6ནས9འགོར་བའི་སྦྲུམ་མས་མཉམ་འཇོག་ལེགས་པོ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།