ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་ཁྲིམས་བཀོད་འགོས་ནད་རིགས་གང་དག་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ནང་རྒྱལ་ཡོངས་སུ་ནད་ཕོག་ཚད་ཅུང་མཐོ་བ་དང་། ཁྱབ་རྒྱ་ཅུང་ཆེ་བ། གནོད་འཚེ་ཐེབས་ཚད་ཅུང་ཆེ་བའི་མྱུར་གཤིས་དང་དལ་གཤིས་འགོས་ནད་རིགས39ཁྲིམས་བཀོད་དོ་དམ་བྱེད་ཁོངས་སུ་བཞག་ཡོད་པར་མ་ཟད། ད་དུང་འགོས་ནད་མཆེད་སྟངས་དང་། མྱུར་ཚད། དེ་བཞིན་གནོད་འཚེ་ཕོག་ཚད་བཅས་ལ་གཞིགས་ནས་རིགས་ཀ་པ་དང་ཁ་པ། ག་པ་བཅས་སུ་དབྱེ་ཡོད།

འགོས་ནད་རིགས་ཀ་པར(རིགས་གཉིས་ཡོད)བྱི་རིམས་དང་སྐྱུག་བཤལ་གཉིས་ཡོད།

འགོས་ནད་རིགས་ཁ་པར(རིགས26ཡོད)འགོས་ནད་རང་བཞིན་གྱི་ས་སི་གློ་ཚད། ཨེ་ཙིའི་ནད། ནད་དུག་རང་བཞིན་གྱི་མཆིན་ཚད། རྒྱུངས་རྩའི་གཉན་ཚད། མིར་འགོས་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས། སིབ་ནད། རྒྱུག་ཆེ་བའི་ཁྱི་སྨྱོན་ནད། རྒྱུག་ཆེ་བའི་ཀླད་པའི་གཉན་ཚད་ཁ་པ། ཏིང་ཀོ་ཚད་ནད (登革热)།ས་ནད(炭疽)། འབུ་ཕྲ་རང་བཞིན་དང་ཨ་མི་པ་རང་བཞིན་གྱི་བཤལ་ནད(细菌性和阿米巴性痢疾)། གློ་བའི་འདུས་འདྲིལ་ནད། རྒྱུ་ཚད་དང་རྒྱུ་ཚད་ཕལ་བ(伤寒和副伤寒)། ཀླད་སྐྱིའི་ཚ་ནད། ཉིན་བརྒྱའི་ལུ་ནད། མགྲིན་ནད་དམ་མགྲིན་པ་གག་པ། ཕྲུ་གུ་དམར་རྗེན་རྨ་ངན་དུག་མཆེད(新生儿破伤风)། ཚ་རིམས་དམར་སྐྱ(猩红热)།པུ་ལུ་པའི་འབུ་ཕྲའི་ནད(布鲁氏菌病)།རྨེན་བུའི་ནད། སྦྱར་དུག འབུར་འཁྱིལ་གཟུགས་ནད། ཁྲག་འཇིབ་འབུ་ཕྲའི་ནད། འདར་ནད་རིགས། ཀ་རིམསHllཆམ་རིམས་བཅས་ཡོད།

འགོས་ནད་རིགས་ག་པར(རིགས11ཡོད)ཆམ་རིམས་དང་། རྣ་རྩ་ཕུས་འདེབས། ཟྭ་འདེབས། རླུང་འབྲུམ། མྱུར་གཤིས་ཁྲག་ཐོན་ཅན་གྱི་མིག་འབྲས་སྐྱི་མོའི་གཉན་ཚད་དང་མཛེ་ནད་དང་། རྒྱུག་ཆེ་རང་བཞིན་དང་ས་གནས་རང་བཞིན་གྱི་རྒྱུ་ཚད་ཐོར་སིབ་ཅན། ཚ་ནག ཐུམ་འབུའི་ནད། སི་འབུའི་ནད་བཅས་དང་། སྐྱུག་བཤལ་དང་། ཕྲ་འབུ་རང་བཞིན། ཨ་མི་པ་རང་བཞིན་གྱི་བཤལ་ནད། རྒྱུ་ཚད་དང་རྒྱུ་ཚད་ཕལ་བ་ཕུད་པའི་འགོས་ནད་རང་བཞིན་གྱི་གྲོད་ཁོག་བཤལ་ནད། རྐང་ལག་ཁ་ནད་སོགས་ཡོད།

འགོས་ནད་རིགས་ཀ་པ་ནི་བཙན་ཤེད་ཀྱིས་དོ་དམ་བྱེད་དགོས་པ་ཞིག་ཡིན་ཞིང་། འགོས་ནད་རིགས་ཁ་པར་དོ་དམ་ནན་པོ་བྱེད་དགོས། འགོས་ནད་རིགས་ག་པ་ལ་ལྟ་ཞིབ་དོ་དམ་བྱེད་དགོས། མི་སུ་ཡིན་ཡང་འགོས་ནད་ཕོག་པའམ་འགོས་ནད་ཕོག་དོགས་ཆེ་བའི་ནད་པ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ས་གནས་དེ་གའི་ནད་རིགས་ཚོད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས། ས་གནས་ཁག་གི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རིགས་མི་འདྲ་བའི་འགོས་ནད་ལ་གཞིགས་ནས་དགོས་ངེས་ཀྱི་ཟུར་འཇོག་དང་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགོས་ནད་འབྱུང་ཁུངས་ལ་དོ་དམ་ཡག་པོ་བྱེད་དགོས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།